དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་2026ལོའི“5·22”རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-30

    ཉེ་ཆར། 2026ལོའི་བོད་ལྗོངས་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་གཙོ་བོ་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོས“སྐྱེ་ཁམས་སྲུང་སྐྱོང་ལེགས་པར་བྱེད། བྱ་དངོས་མཐའ་དག་བདེ་ལ་འཁོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་གྱི་རྣམ་པ་བརྒྱུད་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་བསྒྲགས་བྱས་པ་རེད།

    སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་ཁྱད་ལྡན་བྱེད་སྒོ་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ཀྱི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལ་དམིགས་ཏེ། རིགས་གཅིག་མཁས་ཅན་གྱིས་ཆེད་དོན་འགྲེལ་བཤད་བརྒྱབ་ནས་མང་ཚོགས་ལ་སྐྱེ་ཁམས་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རོགས་བྱས་ཤིང་། དངོས་དཔེ་བཟོ་བའི་ཉམས་ལེན་བྱེད་སྒོས་ཚང་མར་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་དུ་བཅུག་ཡོད།

    ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་པ་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་། དེ་བཞིན་འབྲེལ་ཡོད་ལས་རིགས་ཀྱི་བརྟག་དཔྱད་ལ་བརྟེན་ནས་བོད་ལ་དམིགས་བསལ་དུ་ཡོད་པའི་སྐྱེ་དངོས་རིགས་གསར་པ་ཁག་གཅིག་ཤེས་རྟོགས་བྱུང་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བར་མཐོངས་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་རང་བྱུང་སྲུང་སྐྱོང་ཁུལ་97བཙུགས་ཏེ་བཀོད་པ་ལུགས་མཐུན་དང་། རིགས་ཆ་ཚང་བ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་སྲུང་སྐྱོང་གི་རྣམ་པ་གསར་པ་གཞི་རྩའི་ཆ་ནས་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།