དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་ལག་བསྟར་དཀའ་བ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-30

    ཚེས་27ཉིན། རང་སྐྱོང་ལྗོངས་ཀྱི་ལག་བསྟར་དཀའ་བ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་2025ལོའི་ལྗོངས་ཡོངས་ཀྱི་ལག་བསྟར་དཀའ་བ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཕན་འབྲས་ལ་ཕྱོགས་སྡོམ་དང་མིག་སྔའི་འཕེལ་རྒྱས་དུས་བབ་ལ་ཞིབ་འཇུག་བརྡར་དཔྱོད་བྱས་པ་མ་ཟད། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ལ་སྤྱི་འདོམས་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཧྲོའུ་ཁོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་ལག་བསྟར་དཀའ་བ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་གྱི་མཉམ་འགུལ་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་། ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་ལེགས་སུ་ཕྱིན་པ། བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་ལས་ཕྱོགས་བསྡུས་བཅོས་སྐྱོང་གིས་ལག་བསྟར་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་སྐུལ་འདེད་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་མཉམ་བཅོས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ལས་ཀའི་བྱེད་ཐབས་ཁག་ཏན་ཏིག་དང་ཞིབ་ཚགས་སུ་གཏོང་བ། མཉམ་འགུལ་ལས་ཀའི་ལམ་སྲོལ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ། ལག་བསྟར་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལག་བསྟར་དཀའ་བ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།