བྱ་བ་དངོས་ཆུང་ཙག་གིས་གངས་ལྗོངས་ས་མཐོའི་དམངས་འཚོ་ཆེན་པོར་འདེགས་སྐྱོར་བྱས་པ།
2026ལོའི་ཟླ་བ་3པར་བོད་མཚོ་ཆེན་རྫོང་ཆུ་ལྷོ་ཤང་ཉི་གཞུང་གྲོང་ཚོའི་ཁྲུས་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་དང་གློག་གི་ཆུ་ཚ་པོ་བཟོ་ཆས་སྤྱད་པ་དང་དྲོད་རླངས་མཁོ་འདོན་བྱེད་ཀྱི་ཡོད། “གྲོང་ཚོ་རིམ་པའི་ཁྲུས་ཁང་རིན་མེད་ངང་མང་ཚོགས་ལ་སྒོ་ཕྱེ་བས་སྟབས་བདེ་ལ་ཕན་ཐོགས་ཆེན་པོ་འདུག”ཅེས་ཆུ་ལྷོ་ཤང་ཉི་གཞུང་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་ཚེ་དར་གྱིས་ངོ་སྤྲོད་བྱས།
དེ་སྔ་བོད་ཀྱི་ཞིང་འབྲོག་དུད་ཚང་ཕལ་ཆེ་བར་གཟུགས་པོ་འཁྲུ་སའི་ཆ་རྐྱེན་མེད་སྟབས་དགུན་དུས་གཟུགས་པོ་འཁྲུ་བ་ནི་དཀའ་གནད་ཅིག་ཏུ་གྱུར་ཡོད། ད་ཆ་གཞི་རིམ་ལས་བྱེད་པས་གྲོང་ཚོ་ཁག་གི་དོན་དངོས་གནས་ཚུལ་ལ་གཞིཌ་ནས། ཁྲུས་ཁང་སྒྱུར་བཀོད་ལ་རིགས་དབྱེའི་སྐུལ་འདེད་བཏང་སྟེ་རྨང་གཞིའི་ཆ་རྐྱེན་ཅུང་ཡག་པའི་གྲོང་ཚོར(གྲོང་ལྷན)ལེགས་སྒྱུར་རིམ་སྤོར་དང་། ས་བབ་མཐོ་བའི་ས་ཁུལ་དུ་ནུས་རྒྱུ་གྲོན་ཆུང་གི་དཔེ་དབྱིབས་ཁྱབ་གདལ་གཏོང་བ། ཆ་རྐྱེན་ཅུང་ཞན་པའི་གྲོང་ཚོར(གྲོང་ལྷན)བསྐྱར་སྐྲུན་དང་ཞན་ཆ་བསལ་བ་བཅས་བྱས་ཡོད། མིག་སྔར་ལྗོངས་ཡོངས་སུ་གྲོང་ཚོ(གྲོང་ལྷན)5118ལ་གྲོང་ཚོ་རིམ་པའི་ཁྲུས་ཁང་ཡོད་ཅིང་། ཁྱབ་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་པ་དང་ཟླ་རེར་མི་ཐེངས་ཁྲི་16.48ལ་ཞབས་འདེགས་ཞུ་ཡི་ཡོད་པ་རེད།
“དམངས་ལ་ཕན་བདེ་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པའི”ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཤིང་། བོད་ཀྱིས་འཇུག་སྒོ་ཆུང་ས་ཚད་བརྒལ་སར་བྱེད་པ་དང་འགག་རྩའི་དོན་ཆུང་ཤུགས་རྒྱག་སར་བྱས་ནས་མང་ཚོགས་འགྲམ་གྱི་མིག་མཐོང་ལག་ཟིན་ཐུབ་པ་དང་སྤྱོད་གོ་ཆོད་པའི“ཆུང་ལ་སྤུས་ལེགས”ཀྱི་དམངས་འཚོའི་དོན་དངོས་ལ་གཞིགས་ནས་གཞི་རིམ་བཅོས་སྐྱོང་དང་། ཐོན་སྐྱེད་དང་འཚོ་བ། སྤྱི་པའི་ཞབས་ཞུའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་བཅས་གནད་སྨིན་ངང་ཐག་གཅོད་བྱས་ཏེ་དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་དམངས་འཚོའི་གསལ་ཐོ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་གསལ་ཐོར་བསྒྱུར་ནས། མང་ཚོགས་ལ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཚོར་ཐུབ་པ་བྱས་ཐོག་གངས་ལྗོངས་ས་མཐོར་མཐའ་མཚམས་མི་རིགས་ས་ཁུལ་གྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ནས་ཆགས་ཡོད།
ལས་ཞུགས་ནི་དམངས་འཚོ་ཆེན་པོ་དང་འབབ་འཕར་ནི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་སྒུག་རེད། བོད་ཀྱིས་མང་ཚོགས་ཀྱི་འབབ་འཕར་དགོས་མཁོར་དམིཌ་ནས“ཉི་འོད་གྲོང་ཁྱེར་གྱི་དམར་འབྱར་གཡོག་བྱེད་མཁན”དང“ལྷ་སའི་དབུ་སྐར་གཡོག་བྱེད་མཁན”སོགས་དམངས་འཚོའི་རིགས་ཀྱི་ངལ་ནུས་སྤུས་རྟགས་བཏོད་པར་རིམ་རྩིས་བརྒྱབ་ན་དམར་འབྱར་གཡོག་བྱེད་མཁན་དང་། བུ་རྫི། རྒན་གསོའི་བདག་སྐྱོང་བ་བཅས་5000ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། དེའི་ཁྲོད་དུ་བུད་མེད་ཀྱིས་བསྡུར་ཚད་80%ལྷག་ཙམ་བཟུང་ཡོད།
ཆབ་མདོར་ས་གནས་དེ་གར་འཚོ་རྟེན་ལས་སྤྲོད་ལས་དོན་གཏིང་ཟབ་སྤེལ་བ་དང་། 2025ལོ་ཚུན་ཁྱབ་གདལ་ཆོག་པའི་རྣམ་གྲངས་ཁག་དྲུག་ཏུ་རིམ་རྩིས་བརྒྱབ་ན་ཞིང་པ་མི་ཐེངས་972བསྡུས་ནས་གླ་ཆ་སྒོར་ཁྲི་68.7སྤྲད་པ་དང་ཡུལ་མི་མི་ཉུང་བ་ཞིག་གིས་དེ་ལས་ངལ་རྩོལ་རྩལ་ནུས་གསར་པ་ཤེས་ཡོད། ལྷོ་ཁ་སྣེ་གདོང་ཆུས་སྦྱིན་ཀླུ་སྡེ་ཁུལ་དུ་གཞི་རིམ་ལས་བྱེད་པས་ཞིང་དུད་སྒྲིག་འཛུགས་བྱས་ནས་ལྷོ་རི་བྱང་རིའི་ནགས་བཟོ་དང་ཞིང་ནང་ཆུ་བེད་ཆུང་གྲས་འཛུགས་སྐྲུན་སོགས་རྣམ་གྲངས་ནང་ཞུགས་པ་དང་། རིམ་རྩིས་བརྒྱབ་ན་མི་ཐེངས་3000ཙམ་གྱིས་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་པ་རེད།
བོད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་དགུན་དུས་རིང་ལ་གྲང་ངར་ཆེ་བས་དྲོད་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དམངས་འཚོའི་གནད་དོན་ཞིག་རེད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་2022ལོ་ནས་ས་འོག་ཚ་ནུས་ཀྱི་དྲོད་རླངས་གཅིག་སྡུད་མཁོ་འདོན་བྱས་ཤིང་། གསེར་རྙེད་ཆུས་མཐུན་སྒྲིལ་ཁུལ་ཆུང་དུ་སྡོད་པའི་གྲོང་མི་ཚེ་རིང་གྲགས་པས“དགུན་དུས་ཕྱི་རོལ་དུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་25རུ་སླེབས་ཀྱང་། ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ཡན་དུ་སླེབས་ནས་ཧ་ཅང་དྲོ་པོ་འདུག”ཅེས་དགའ་བའི་ངང་བཤད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། བྱ་ཐབས་དེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་7གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་18ཉུང་དུ་ཕྱིན་ནས་མང་ཚོགས་ཀྱིས་དུ་བ་ཆེ་བའི་རྡོ་སོལ་ཁྲོ་ཐབ་སྤྱོད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོའི་ལོ་མཇུག་བར་ལྷ་ས་དང་། ནག་ཆུ། གཞིས་རྩེ། མངའ་རིས་བཅས་ས་ཁུལ་དང་གྲོང་ཁྱེར་བཞི་དང་། རྫོང་གྲོང་36 ཤང་གྲོང་178དང་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་གཅིག་སྡུད་དྲོད་རླངས་མཁོ་འདོན་ཐུབ་ནས་དྲོད་རླངས་མཁོ་འདོན་ཐུབ་ཁྱོན་སྨི་ངོས་གྲུ་ཁྲི་3400ཟིན་པ་དང་མི་ཁྲི་90ཙམ་གྱིས་བདེ་འཇགས་སྟབས་བདེའི་དྲོད་རླངས་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་གཞོན་པ་ལི་ཝེ་ཧྭ་ཡིས“བོད་ཀྱིས་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་སྨིན་ཇུས་བསྟར་བྱས་ཡོད། ས་མཐོའི་ས་བབ་དང་། གནམ་གཤིས་ཆ་རྐྱེན། གྲོང་ཚོ་དང་གྲོང་ལྷན་གྱི་རྨང་གཞིའི་ཧེ་བག་བཅས་ལ་གཞིགས་ནས་གྲོང་ཚོ་ཚང་མ་གཅིག་མཚུངས་མི་བྱེད་པར་རིགས་དབྱེའི་ཇུས་བསྟར་དང་ནུས་པས་ལྕོགས་ཚོད་ཀྱིས་ལས་དོན་སྤེལ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་པའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།