ས་མཐོའི་ཕྱོགས་བཞི་མཚམས་བརྒྱད་ལ“མཁའ་ལམ”ཤར་གཏོང་ཐུབ་པ།

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁུལ་དུ་ཤར་གཏོང་ཐུབ་པའི་ལྷ་གཞིས་ལྕགས་ལམ(སྨད)དང་གཞུང་ལམ་གཉིས་ཡིན་པ། (2023ལོའི་ཟླ་7ཚེས་10ཉིན་མི་མེད་གནམ་གྲུས་པར་བླངས)

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པད་ཁུད་མཚོ་འགྲམ་གྱི་རྒྱལ་ལམ་219ཡིན་པ། (2026ལོའི་ཟླ་1ཚེས་3ཉིན་མི་མེད་གནམ་གྲུས་པར་བླངས)

འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཁོངས་ཀྱི་ཁྲོན་བོད་གཞུང་ལམ“རྒྱལ་མོ་རྔུལ་ཆུའི་གུག་ཆ་72”ཡིན་པ། (2020ལོའི་ཟླ་7ཚེས་16ཉིན་མི་མེད་གནམ་གྲུས་པར་བླངས)
ད་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཡིན། ད་ཆ་གངས་ལྗོངས་ས་མཐོར་རང་བྱུང་བཙན་འགག་དག་བདེ་བགྲོད་ལམ་བུར་གྱུར་ཅིང་། ཕྱིར་སྐྱོད“མཁའ་ལམ”ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཡོད། བོད་དུ་ལྷ་ས་ལྟེ་བར་བྱེད་པ་དང་ས་ཁུལ་དང་གྲོང་ཁྱེར་ཁག་ལ་ཁྱབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བསྐྲུན་ནས་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་བདེ་བླག་བྱུང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཏན་ཏིག་ཐོབ་པ་མ་ཟད། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་ཡོད།
2025ལོའི་ལོ་མཇུག་བར། བོད་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་12.52ཟིན་པའི་ནང་རིམ་ལྡན་གཞུང་ལམ་སྤྱི་ལེ་ཁྲི་11ཟིན་པ་དང་། རྒྱལ་ལམ་དཀྱུས་མའི་རིམ་གསུམ་ཡན་གྱི་གཞུང་ལམ་གྱིས་95%བཟུང་ཡོད།
འབྲེལ་ཡོད་གསར་འགྱུར།