དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མཛའ་གྲོགས་དམ་ཟབ”ལས་ཀྲུང་གོའི་ཕྱི་འབྲེལ་གྱི་མངོན་གསལ་དོད་པའི་རང་མདངས་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-05-29

    ཕྱི་འབྲེལ་བྱེད་སྒོ་ཐེངས་གཉིས་སྤེལ་བའི་ཐོག་ནས་ཀྲུང་གོ་དང་སེར་པི་ཡ་དབར་དང་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་མོ་མངོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་རང་ཚུགས་རང་བདག་མཐའ་འཁྱོངས་དང་། དྲང་སྙོམས་དྲང་བདེན་དར་སྤེལ། འཇིག་རྟེན་གྱི་ཆོས་ཉིད་བརྟན་སྲུང་བཅས་བྱེད་པའི་མངོན་གསལ་དོད་པའི་རང་མདངས་མཚོན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལངས་ཕྱོགས་དང་། ཀྲུང་གོའི་འདུ་ཤེས། རྒྱལ་ཁབ་ཆེན་པོའི་འགན་འཁྲི་བཅས་ལ་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་ཚུལ་ཡང་མཚོན་ཡོད།

    ཟླ་5ཚེས་25ཉིན། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི“གྲོགས་པོ་བློས་ཐུབ”གཉིས་བསུས་པ་རེད། ཉིན་དེར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་དང་གྲོས་མོལ་དང་མཇལ་འཛོམས་གནང་བ་མ་ཟད། ཙུང་ཐུང་ཝུའུ་ཆི་ཆི་ལ“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཀྱང་གནང་བ་རེད། ཕྱི་འབྲེལ་བྱེད་སྒོ་དེ་གཉིས་ལས་ཀྲུང་གོ་དང་སེར་པི་ཡ་དབར་དང་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་མོ་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་རང་ཚུགས་རང་བདག་མཐའ་འཁྱོངས་དང་། དྲང་སྙོམས་དྲང་བདེན་དར་སྤེལ། འཇིག་རྟེན་གྱི་ཆོས་ཉིད་བརྟན་སྲུང་བཅས་བྱེད་པའི་མངོན་གསལ་དོད་པའི་རང་མདངས་མཚོན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལངས་ཕྱོགས་དང་། ཀྲུང་གོའི་འདུ་ཤེས། རྒྱལ་ཁབ་ཆེན་པོའི་འགན་འཁྲི་བཅས་ལ་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་ཚུལ་ཡང་མཚོན་ཡོད།

    དེང་སྐབས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད“བློ་རྩ་བརྟན་པོའི”དོན་སྙིང་ལྷག་པར་རྩ་ཆེ་བ་ཞིག་ཡོད། སེར་པི་ཡ་ནི་ཀྲུང་གོ་དང་མཉམ་དུ་དུས་རབས་གསར་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་མཁན་ཡོ་རོབ་ཀྱི་རྒྱལ་ཁབ་ཨང་དང་པོ་རེད་ལ། ཡོ་རོབ་ཤར་ལྷོའི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་རོགས་ཟླ་གལ་ཆེན་ཡང་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། སེར་པི་ཡ་ཕྱོགས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་དང་སེར་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་གྲོགས་པོ་ཡག་པོ་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་ཞེས་ནན་བཤད་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་འཇོག་རྒྱུ་ཡིན་ཞེས་གསུངས་པ་རེད། “གྲོགས་པོ་བློས་ཐུབ་སེར་པི་ཡ”དང“གྲོགས་པོ་བློས་ཐུབ་ཕ་ཁི་སི་ཐན”གྱི་འགོ་ཁྲིད་པས་བཏབ་པའི་ལན་ཡང་དེ་ལྟར་ལྷག་བསམ་ཟོལ་མེད་ཡིན་ཏེ། “སེར་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད”“ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མའི་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ནམ་ཡང་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་བྱེད་ཀྱི་ཡོད”ཀྲུང་གོ་དང་སེར་པི་ཡ་དབར་དང་ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་པོའི་དབར་གྱི་སེམས་པ་གཅིག་མཐུན་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    རྒྱལ་སྤྱིའི་ཁོར་ཡུག་ལ་གཏན་འཁེལ་མེད་པའི་རང་བཞིན་ལྡན་པ་དང་། “མཉམ་ལས”ཀྱི་རིན་ཐང་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། སེར་པི་ཡ་ནི་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་སྔ་ཤོས་ཀྱི་ཡོ་རོབ་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཧོ་པེའི་ཧོ་ཀང་སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭར་གོ་སྐབས་གསར་པ་བྱུང་བ་ནས་སེར་པི་ཡས“མི་རབས་རྗེས་མར་ཕན་པའི་ལེགས་སྐྱེས”ཞེས་བརྗོད་པའི་ཧང་ག་རི་དང་སེར་པི་ཡའི་ལྕགས་ལམ་གྱི་སེར་པི་ཡའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པའི་བར་དང་། ཀྲུང་གོ་དང་སེར་པི་ཡའི་ཐད་འཕུར་གནམ་གྲུ“པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ”བཅས་ཕྱོགས་ཡོངས་ལ་ཁྱབ་པ་ནས་ཀྲུང་གོ་དང་སེར་པི་ཡའི་ཚོང་དོན་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་བར་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་མངོན་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཙུང་ལི་ཞ་པ་ཙིས་ཀྲུང་གོའི་གང་སར་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་ཕ་ཁི་སི་ཐན་ཞིང་ཆེན་གཉིས་དབར་མཛའ་གྲོགས་སྤེལ་རེས་ཀྱི་འབྲེལ་བ་བཟང་པོ་བཙུགས་པ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་B2Bམ་འཇོག་དབུ་ཚོགས་ལ་ཞུགས་པ། ཀྲུང་གོའི་མཉམ་སྦྲེལ་དྲ་རྒྱའི་ཁེ་ལས་ལ་ལྟ་སྐོར་དང་འཚམས་འདྲི་བྱས་པ་སོགས་ལས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུའི་འདུན་པ་དྲག་པོ་མཚོན་ཡོད། ཀྲུང་གོ་དང་སེར་པི་ཡ་དབར་དང་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་དངོས་སྒྲུབ་མཉམ་ལས་བྱེད་པའི་འཕེལ་རྒྱས་བརྒྱུད་རིམ་ལས་སྒོ་དབྱེ་མཉམ་ལས་ནི་སྔར་བཞིན་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་པ་དང་གཉིས་ཁེ་གཉིས་ཕན་ནི་སྔར་བཞིན་མི་སེམས་ཕྱོགས་ས་ཡིན་པ་གང་ལེགས་མཚོན་ཡོད།

    ཀྲུང་གོ་དང་སེར་པི་ཡ་དབར་དང་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི“མཛའ་གྲོགས་བློས་ཐུབ”ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྒུལ་ཤུགས་གསར་པ་སྣོན་པར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་མཐའ་འཁྱོངས། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་མཐའ་འཁྱོངས་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།