དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་རན་གྱི་ཙུང་ཐུང་གིས་བརྗོད་དོན།

    དབྱི་རན་གྱིས་ཉིང་རྡུལ་མཚོན་ཆ་དབང་བའི་རེ་བ་བྱེད་ཀྱི་མེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐེ་ཧེ་རན་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24གྱི་དབྱི་རན་གྱི་སློབ་མའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་གིས་ཉིན་དེར་བཅར་འདྲི་དང་ལེན་གནང་སྐབས་དབྱི་རན་གྱིས་ཉིང་རྡུལ་མཚོན་ཆ་དབང་བའི་རེ་བ་བྱེད་ཀྱི་མེད་ཅེས་བརྗོད་པ་རེད།

    ཕེ་ཙེ་ཤིས་ཆི་དབྱང་གིས“ང་ཚོས་འཛམ་གླིང་ཡོངས་ལ་ཁས་ལེན་བྱ་རྩིས་ཡོད། ང་ཚོས་ཉིང་རྡུལ་མཚོན་ཆ་དབང་བའི་རེ་བ་བྱེད་ཀྱི་མེད”ཅེས་བརྗོད་ཅིང་། ཁོང་གིས་དབྱི་རན་གྱིས་ས་ཁུལ་དུ་ཟིང་ཆ་ལང་རྒྱུའི་རེ་བ་འཆང་གི་མེད། ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་མཁན་ནི་དབྱི་སི་རལ་རེད་ཅེས་བརྗོད་ལ། ཁོང་གིས་ད་དུང་ཁོང་དང་དབྱི་རན་གྱི་གྲོས་མོལ་ཚོགས་པས་རྒྱལ་ཁབ་ཀྱི་ལ་རྒྱ་དང་གཟི་བརྗིད་ཐད་འོས་མེད་འགྲིག་ཐབས་གཏན་ནས་བྱེད་མི་སྲིད་ཅེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།