དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བཞི་པའི་ཟླ་མཇུག་བར་5Gསྦྲེལ་ཚུགས་ཀྱི་བསྡོམས་འབོར་ཁྲི་500ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-29

     བཟོ་ལས་དང་ཆ་འཕྲིན་ཅན་པུའི་བསྡོམས་རྩིས་གསར་ཤོས་ལས་མངོན་པར་གཞིགས་ན། འདི་ལོ་ཚུན་དུ་རང་རྒྱལ་གྱི་5Gདྲ་རྒྱ་སྐྲུན་པར་མུ་མཐུད་སྐུལ་འདེད་བཏང་སྟེ། ཟླ་བཞི་པའི་ཟླ་མཇུག་བར་5Gསྦྲེལ་ཚུགས་ཀྱི་བསྡོམས་འབོར་ཁྲི་500.9ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་17.1འཕར་བ་དེས་སྒུལ་བདེའི་སྦྲེལ་ཚུགས་བསྡོམས་འབོར་གྱི་38.7%བཟུང་བ་དང་། དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.5འཕར་ཡོད་པ་རེད། 5Gསྤྱོད་མཁན་མགྱོགས་མྱུར་འཕར་ནས་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་12.62ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་5758འཕར་བ་དེས་སྒུལ་བདེའི་ཁ་པར་སྤྱོད་མཁན་གྱི་68.7%བཟུང་ཡོད་པ་རེད།

    གཏན་འཇགས་ཀྱི་དྲ་ཆེན་སྦྲེལ་མཐུད་བྱེད་མཁན་བརྟན་པོ་འཕར་ནས་ཀྲའོ་ཝ་སྟོང་སྤྱོད་མཁན་གྱི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་ཡོད། ཟླ་བཞི་པའི་ཟླ་མཇུག་བར་རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱི་གཏན་འཇགས་དྲ་སྦྲེལ་དྲ་ཆེན་སྤྱོད་མཁན་གྱི་བསྡོམས་འབོར་དུང་ཕྱུར་6.98ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་727.1འཕར་ཡོད།

    ཀྲའོ་ཝ་སྟོང་གི་འོད་སྐུད་དྲ་ཆེན་སྐྲུན་པར་སྐུལ་འདེད་བརྟན་པོ་བཏང་ཞིང་། ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་དྲ་སྦྲེལ་དྲ་ཆེན་གྱི་མཐུད་སྣེའི་གྲངས་འབོར་དུང་ཕྱུར་12.7ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་1894འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།