དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཞི་པའི་བར་ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་12.2%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-29

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་དྲ་ཐོག་ཚོང་དོན་གྱིས་རྒྱུན་མཐུད་མཐུན་རྐྱེན་སྦྱར་ཏེ། གྲངས་རིག་ཅན་གྱི་སྒོ་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། རྣམ་པ་ཅན་གྱི་སྒོ་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། གོ་ལ་ཅན་གྱི་སྒོ་ནས་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་ཟབ་ཏུ་གཏོང་བར་རམ་འདེགས་བྱས་ཡོད།

    དྲ་ཐོག་ཚོང་དོན་གྱིས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་མཐུན་རྐྱེན་སྦྱར་བ། ཚོང་དོན་གྲངས་གཞི་ཆེ་མོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་12.2%འཕར་བ་དང་། གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལྕགས་རིགས་བཟོས་རྫས་དང་རྫས་འགྱུར་བཟོ་ལས་ཐོན་རྫས་དྲ་ཐོག་ཏུ་ཉོ་ཚོང་བྱེད་ཚད་34.8%དང་12.2%སོ་སོར་འཕར་ཡོད། དྲ་ཐོག་ཚོང་དོན་འདྲེན་འགུག་གི་ཕན་འབྲས་ཆེན་པོ་ཐོན་ནས་ཡུལ་སྐོར་དང་བཟའ་བཏུང་སོགས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ཅིང་། ཟླ་དང་པོ་ནས་བཞི་པའི་བར་ཡུལ་སྐོར་དང་བཟའ་བཏུང་ལས་རིགས་ཀྱིས་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་33.2%དང་20%སོ་སོར་འཕར་ཡོད་པ་རེད།

    གྲངས་འཛིན་འཛད་སྤྱོད་ཀྱིས་སྤུས་དག་འཛད་སྤྱོད་འཕར་བར་སྐུལ་ཁྲིད་བྱས་པ། སྤུས་གཉིས་དྲ་ཐོག་ཉོ་སྒྲུབ་དུས་ཆེན་སྐབས་བརྒྱད་པས“ཀྲུང་གོར་ཉོ་སྒྲུབ”ལ་ཞབས་འདེགས་ཞུས་ཏེ། རྣམ་པ་སྣ་ཚོགས་ལ་བརྟེན་ནས་སྤུས་དག་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་བསྡོམས་འབོར་6.6%འཕར་བ་དང་། དྲ་ཐོག་ཚོང་ཟོག་སིལ་ཚོང་བསྡོམས་འབོར་གྱིས་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་འཕར་བར་ལེགས་སྐྱེས་འབུལ་ཚད་72.2%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།