དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡུལ་སྐོར་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་འགོ་ཚུཌ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-29

    ཡུལ་སྐོར་བཅའ་ཁྲིམས་ནུས་ལྡན་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། ལམ་ལུགས། སྲིད་ཇུས་བཅས་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་ལེན་བཅས་བརྟན་དུ་གཏོང་ཆེད། ཟླ་5ཚེས་25ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཡུལ་སྐོར་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་འགོ་ཚུགས་པ་རེད།

    ཡུལ་སྐོར་བཅའ་ཁྲིམས་ནི་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ཀྱི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཁག་དང་པོ་དེ་ཡིན་པ་དང་2013ལོའི་ཟླ་4པར་གྲོས་འཆམ་བྱུང་ནས་ལོ་དེའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཤིང་། 2016ལོ་དང་2018ལོར་དོན་ཚན་ཁག་གཅིག་ལ་བཟོ་བཅོས་བརྒྱབ་པ་རེད།

    ཚེས་25ཉིན་གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། ཡུལ་སྐོར་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་པར་ས་གནས་སུ་གཤམ་སྐྱོད་ཞིབ་བཤེར་བྱེད་པ་དང་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་བྱ་རྒྱུར་མངགས་པ་ཟུང་འབྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིབ་བཤེར་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ཟླ་6པ་ནས་9པའི་བར། ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་ཧྲན་ཤིས་དང་། ཧེ་ལུང་ཅང་། ཧྥུའུ་ཅན། ཀུའེ་ཀྲོའུ། ཧྲའན་ཤིས། ཤིན་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས)6ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱ་རྒྱུ་དང་འབྲེལ་ནང་སོག་དང་། ཀྲེ་ཅང་། ཧྲན་ཏུང་། ཅང་ཤིས། ཁྲུང་ཆིང་། ཀན་སུའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)6གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྲིད་འཛིན་ས་ཁོངས་དེའི་ནང་གི་ཡུལ་སྐོར་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་མངགས་བཅོལ་བྱ་རྒྱུ་རེད། ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་། བཞུཌ་མོལ་སྒྲིག་འཛུགས། དཔེ་མཚོན་བརྟག་ཞིབ། ཆེད་དོན་ཞིབ་འཇུག འཐེན་བཤེར་ལྐོག་ཞིབ་སོཌ་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཤེས་རྟོགས་བྱས་ཏེ་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་རེད།

    ཁྲིམས་སྒྱུར་ཞིབ་བཤེར་བྱེད་རིང་ཕྱོགས་བརྒྱད་ཀྱི་ནང་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་སྟེ། ལམ་ལུཌ་དང་ལམ་སྲོལ་འཛུགས་པ་དང་ལག་བསྟར་བྱེད་ཚུལ་དང་། ཡུལ་སྐོར་བའི་ཁེ་དབང་སྲུང་སྐྱོང་དང་བྱ་སྤྱོད་ཚད་ལྡན་གྱི་གནས་ཚུལ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་ཚུལ། ཡུལ་སྐོར་བདེ་འཇགས་འགན་ལེན་དང་ཁྲིམས་སྒྱུར་དང་རྩོད་གཞི་ཐག་གཅོད་ལ་ལྟ་འདོམས་བྱེད་ཚུལ། ཡུལ་སྐོར་བཅའ་ཁྲིམས་དང་ལྷན་སྦྱར་གྱི་སྲིད་འཛིན་ཁྲིམས་སྲོལ་དང་སྡེ་ཚན་གྱི་སྒྲིག་སྲོལ་དེ་བཞིན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ས་གནས་སྲིད་གཞུང་གི་སྒྲིག་སྲོལ་བཅས་གཏན་འབེབས་བྱེད་ཚུལ། ཡུལ་སྐོར་བཅའ་ཁྲིམས་ལག་བསྟར་ཁྲོད་གནས་པའི་གནད་དོན་གཞན་དག་དང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བསམ་འཆར་དང་གྲོས་འགོ། ཡུལ་སྐོར་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་བཅས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།