དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་ཐོན་ལས་དར་སྤེལ་བཏང་། དངོས་སྒྲུབ་དོན་འཁྱོལ་གྱིས་དམངས་འཚོར་ཕན་པ་ཆེན་པོ་བཏགས།

    —— གྲ་ནང་རྫོང་ཟུར་མཁར་སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    ཉེ་བའི་ལོ་ཤས་རིང་། གྲ་ནང་རྫོང་ཟུར་མཁར་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས“རྣམ་གྲངས་བརྩོན་ལེན་དང་མཉམ་སྡེབ་རང་གྲབས”དང“ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་སྣ་མང་འཕེལ་རྒྱས་གཏོང་བ”ཟུང་འབྲེལ་གྱི་བྱ་ཐབས་འཚོལ་ཞིབ་བྱས་པས། 2025ལོར་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་750ལྷག་ཙམ་ཟིན་ཞིང་། རིམ་རྩིས་བརྒྱབ་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་209ལྷག་ཡོང་བར་སྐུལ་ཁྲིད་ཐུབ་པ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་4ལྷག་ཙམ་བྱུང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྨང་གཞི་ཞན་པ་ནས་སྤུས་འབྲས་ལེགས་གཉེར་བར་དང་འཕེལ་རྒྱས་རྐྱང་པ་ནས་སྣ་མང་མཉམ་སྐྱོད་བར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད།

    ཟུར་མཁར་སྡེ་ཁུལ་གྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། རྩ་འཛུགས་ཀྱི་མཐུན་སྦྱོར། སྤྱི་འདོམས་འཆར་འགོད་བཅས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། ས་མཐོའི་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ“དོན་ཆེན་ཨང་དང་པོར”བརྩིས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི“སྲོག་ཤིང”དང“སྣེ་ཁྲིད་པ”ཡག་པོ་ཞིག་བྱས་ཡོད་པ་རེད།

    འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་འཚོལ་ཆེད། སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ“འགོ་གཙོ་དང་པོའི་ལས་གྲྭའི”གྲས་སུ་བཞག་ནས། ཞིང་ནང་དང་མུ་ཁར་བསྐྱོད་དེ་དམངས་ཀྱི་རེ་འདོད་ཉན་པ་དང་། སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ། ཏང་ཡོན་ཚོགས་ཆེན་ཐེངས་མང་འཚོགས་ནས་བློ་བསྡུས་དགེ་འཚོལ་དང་གྲོང་མིའི་འཐུས་མིའི་ཚོགས་འདུ་ཐེངས་མང་འཚོགས་ནས་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་མཐར། “སྲིད་ཇུས་ལ་བརྟེན་ནས་རྣམ་གྲངས་ཀྱི་རྨང་གཞི་འདིང་བ་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་བཏང་ནས་གཏིང་ཤུགས་འཕེལ་བར”བྱེད་པའི“སྒུལ་ཤུགས་གཉིས”ཀྱི་འཕེལ་རྒྱས་ཐབས་ལམ་གཏན་འཁེལ་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་འཆར་གཞི་གསལ་པོ་ཞིག་བཀོད་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་རྗེས། སྡོང་ཕྲུག་གི་དགོས་མཁོ་ཆེན་པོ་ཡོད་པས་ཟུར་མཁར་སྡེ་ཁུལ་གྱིས་འཕེལ་རྒྱས་ཀྱི་རེ་བ་གསར་པ་མཐོང་ཡོད། ཟུར་མཁར་སྡེ་ཁུལ་གྱི་འགན་འཁུར་བ་གཙོ་བོས་སྣེ་ཁྲིད་དེ་རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱས་པ་དང་། གོང་རིམ་སྡེ་ཚན་དུ་ཡང་ཡང་བསྐྱོད་དེ་སྡེ་ཁུལ་འཕེལ་རྒྱས་ཀྱི་འཆར་འགོད་དང་ཐོན་ཁུངས་ཀྱི་ལེགས་ཆ་སྙན་སེང་ཞིབ་ཕྲ་ཞུས་ཏེ། ལྷག་བསམ་དང་ཆོད་སེམས་ལ་བརྟེན་ནས་རྒྱབ་སྐྱོར་ཐོབ་ཐབས་བྱས་མཐར་རྣམ་གྲངས་ཀྱི་སྡོང་ཕྲུག་མཁོ་འདོན་མ་ལག་ནང་སྡེ་ཁུལ་ཞུགས་ཐུབ་ནས་སྡོང་ཕྲུག་ར་བའི་རྟེན་གཞི་སྐྲུན་ཆེད་ཁྲོམ་རའི“ཤར་སྐྱོད་འགྲོ་ལམ”བཏོད་ཡོད་པ་རེད།

    སྡོང་ཕྲུག་རྟེན་གཞི་བསྐྲུན་རྗེས་སྡེ་ཁུལ་གྱིས“སྡེ་ཁུལ་ནས་སྡོང་ཕྲུག་མཁོ་འདོན་བྱེད་པ་དང་། གྲོང་མིས་ལས་ཀ་བྱེད་པ། གཅིག་གྱུར་ཐོག་ཕྱིར་ཚོང་བྱེད་པ”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་བཏང་བས་མང་ཚོགས་ཚོར་སྒོ་འགྲམ་ནས་འབབ་འཕར་བརྟན་པོ་བྱུང་ཡོད།

    མིག་སྔའི་བར་སྡོང་ཕྲུག་ར་བའི་རྟེན་གཞིར་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་150ལྷག་ཙམ་བྱུང་བ་དང་སྔོ་ལྗང་གི་སྡོང་ཕྲུག་དག་ལས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཡོང་འབབ་མང་པོ་རག་ནས། ར་བ་དེ་ཉིད་གྲོང་མི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པའི“ཕྱུག་འགྱུར་ར་བ”ལྟ་བུར་གྱུར་ཡོད།

    དེ་སྔའི་མཉམ་སྡེབ་དཔལ་འབྱོར་ཉམས་ཞན་གྱི་གྲོང་ཚོ་ནས་ད་ཆའི་ཐོན་ལས་དར་རྒྱས་ཀྱི་ཚད་གཞིར་གྱུར་པའི་བར། ཟུར་མཁར་སྡེ་ཁུལ་གྱིས་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ལ་བརྟེན་ནས“ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ཕན་ནུས་སུ་འགྱུར་བའི་ནང་དོན་ཟབ་མོ་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད”ཅེས་ཟུར་མཁར་སྡེ་ཁུལ་ཏང་སྤྱི་ཁྱབ་ཧྲུའུ་ཅི་བུ་ཆུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།