དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞིབ་དཔྱོད་དང་བཟོ་ཚོགས་མཉམ་འགུལ་གྱིས་ཁྲིམས་སྐྱོང་ཤེས་བྱ་ཁྱབ་གདལ་བཏང་ནས་ཞིབ་དཔྱོད་ཀྱི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ།

    གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གཞི་རིམ་དུ་བསྐྱོད་དེ་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    འདི་ནི་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་གྲོང་ལྷན་དུ་བསྐྱོད་དེ་ཞིང་པ་ལས་མིར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་དེའི་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་གྲོང་ལྷན་དུ་བསྐྱོད་དེ་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས་ཤིང་། དམངས་ཆེད་ཞིབ་དཔྱོད་དང་ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི་འགན་སྒྲུབ་འདུ་ཤེས་ལ་དམ་པོར་དམིགས་ནས “འཕྲིན་གཅིག་ཡིག་གཉིས”ཀྱི་ཞིབ་དཔྱོད་དང་བཟོ་ཚོགས་མཉམ་འགུལ་གྱི་ཁེ་དབང་སྲུང་སྐྱོང་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་ལ་གནད་སྨིན་ཞབས་འདེགས་ཞུ་བ་དང་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱས་ཏེ། ཞིབ་དཔྱོད་འགན་སྒྲུབ་ལ་བརྟེན་ནས་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་བཙུགས་པ་རེད།

    སྒྲོག་འགྲེལ་བྱ་ཡུལ་དུ་ཞིབ་དཔྱོད་དཔོན་གྱིས་ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པར་གཞི་ཚུགས་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་དམིགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང》ཁྲོད་ཀྱི་ངལ་རྩོལ་གན་རྒྱ་ལག་བསྟར་དང་། གླ་ཆ་གཏོང་སྤྲོད། མི་སྤྱོད་འགན་འཁྲི་སོགས་ཁེ་ལས་ཀྱི་མི་སྤྱོད་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་དོན་ཚན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས། ཁེ་ལས་ཀྱི་མི་སྤྱོད་ཉེན་ཁ་གྲལ་བཤེར་དང་སེལ་རོགས་དང་མི་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་རོགས་བྱས་པ་དང་དུས་མཚུངས་ཞིབ་དཔྱོད་ལས་ཁུངས་ཀྱི“ཞིབ་དཔྱོད་ཆེན་པོ་བཞིའི”ཁེ་དབང་སྲུང་སྐྱོང་གི་འགན་ནུས་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཏེ། ཁེ་ལས་ལ་སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་སྒྱུར་གྱི་འགོག་རྐྱེན་བཟོ་རིགས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ། ནག་སེལ་གཤེད་བཅོམ་དང་། ཁ་བསླུས་ལ་ངོ་རྒོལ། སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བཅས་བྱེད་པའི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བ། ཁེ་ལས་ལ་ཁྲིམས་སྲུང་གཉེར་སྐྱོང་གི་ཁྲིད་སྟོན་བཅས་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ཚོང་གཉེར་ཁོར་ཡུག་མཉམ་དུ་བསྐྲུན་པ་རེད།

    གྲོང་ཚོ་དང་གྲོང་ལྷན་དུ་སྐྱོད་སྐབས་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་དམངས་ཆེད་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཤིང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་དང་ཁེ་དབང་སྲུང་སྐྱོང་གི་དཔང་འདོན་དཀའ་བ་སོགས་ཀྱི་དམངས་འཚོའི་གནད་དོན་ལ་དམིགས་ཏེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཐད་འགྲེལ་བཤད་བརྒྱབ་པ་དང་། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་དོགས་གཞིར་ལན་བརྒྱབ་པ། ཁེ་དབང་སྲུང་སྐྱོང་གི་བརྒྱུད་རིམ་ཁ་གསལ་བཟོས་པ། ངལ་རྩོལ་པར་ལས་མིའི་དཔང་ཡིག་ཉར་ཚགས་འོས་འཚམ་བྱེད་དགོས་པའི་དྲན་སྐུལ་བྱས་པ། ལུགས་མཐུན་དང་ཁྲིམས་མཐུན་ངང་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། ཞིང་པ་ལས་མིའི་ངལ་རྩོལ་ཡོང་འབབ་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།