“ལྕགས་ལམ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”མཉམ་འདྲེས་ཟབ་ཏུ་བཏང་ནས་བོད་སྐྱོད་ཀྱི་ལམ་ཐིག་རྩེ་གྲ་བཏོད་པ།

འདི་ནི་ཡུལ་སྐོར་བས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་ཀྱི་ཡར་འབྲོག་གཡུ་མཚོར་ཡུལ་སྐོར་བྱེད་བཞིན་པ།
ཉིན་ཤས་བསྟུད་མར། རྒྱལ་ཡོངས་ལྕགས་ལམ་གྱི་ཆེད་གཏོང་མེ་འཁོར་ལས་སྒོའི་ཡུལ་སྐོར་ལས་རིགས་རྩེར་སོན་གྱི་ཚོང་པ་100ལྷོ་ཁར་འཛོམས་ནས་དུས་ཡུན་ཉིན་མང་པོར་རྟོག་ཞིབ་དང་སྤེལ་རེས་ཧུར་ཐག་བྱས་པ་རེད།ད་ལོ་ནས་བཟུང་། མཚོ་བོད་ས་གནས་གཉིས་ཀྱིས་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་5བཏང་བའི་ནང་། ལྷོ་ཁར་ཐད་སྐྱོད་མེ་འཁོར་ཐེངས་2བཏང་བར་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་སྟོང་ཙམ་དབོར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།