དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དྲོད་ཁང་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    འདི་ནི་ལས་དོན་པས་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་ཤིང་འབྲས་དང་སྔོ་ཚལ་སྟོན་བཞིན་པ།

    འདི་ནི་ལས་དོན་པས་སེའུ་འཐུ་བཞིན་པ།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་ཞིང་དར་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་2021ལོར་བཙུགས་པ་ནས་བཟུང་དེས་གཉེར་སྐྱོང་བྱེད་པའི་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་དེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་དཔེ་སྟོན་རྟེན་གཞིར་གྱུར་པ་དང་མིག་སྔར་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་རྟེན་གཞིར་འདུན་ཞུ་ཧུར་ཐག་བྱེད་བཞིན་ཡོད། ཀུང་སིས་ས་གཙང་ཀུང་སི་དང་མཐུན་སྦྱོར་གཞོགས་འདེགས་དང་གཉེར་སྐྱོང་ནུས་ཆེ་བྱས་ཏེ་གླིང་ཁུལ་གྱི་ཐོན་སྐྱེད་དོ་དམ་དང་རྣམ་གྲངས་དོན་འཁྱོལ་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    གླིང་ཁུལ་གྱིས་མི་42ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་རིམ་རྩིས་བརྒྱབ་ན་ས་ཞིང་བརྒྱུད་བཤུག་གྲོན་དངུལ་དང་ངལ་ལས་གྲོན་དངུལ་སྒོར་ཁྲི་སྟོང་ལྷག་ཙམ་སྤྲད་དེ་དེང་རབས་ཞིང་ལས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།