དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • གངས་ལྗོངས་ས་མཐོར་སེ་འབྲུའི་མེ་ཏོག་བཞད། མཐུན་སྒྲིལ་འབད་འཐབ་འབྱུང་འགྱུར་ཕྱོགས་སུ་སྐྱོད།

    —— རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    གླེང་གཞི།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་ཀྱི་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་། རིག་གནས་སྤེལ་རེས། འགྲོ་འོང་མཉམ་འགུལ་བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་ཕན་ཚུན་སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་བཏོད་དེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།

    འདི་ནི་ཡུལ་སྐོར་བས་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་བོད་ཀྱི་ལོ་གསར་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་བོད་ལྗོངས་སློབ་ཆེན་གྱི་མི་རིགས་ཁག་གི་སློབ་མ་ཚོས་དགའ་སྤྲོའི་ངང་སྤེལ་རེས་བྱེད་བཞིན་པ།

    འདི་ནི་བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པས་ཞིང་ནང་དང་མུ་ཁར་བསྐྱོད་དེ་དིང་རི་རྫོང་བཀྲ་ཤིས་འཛོམས་གྲོང་རྡལ་གྱི་ཡུལ་མིར་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་མཐའ་སྲུང་ཐོན་ཞིག་གི་ཏང་ཡོན་ལས་བྱེད་པས་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་མཁོ་ཆས་འཁྱེར་ནས་སྡེ་ཁུལ་གྱི་གྲོང་མིའི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པ།

    འདི་ནི་ལྷོ་བྲག་རྫོང་སྲས་གྲོང་རྡལ་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི“ཁྱིམ་གཞིས་ཕུགས་འདུན་མཉམ་དུ་གཏོད། མི་རིགས་ཀྱི་བརྩེ་སེམས་དབྱངས་སུ་ལེན”ཞེས་པའི་མི་རིགས་མཐུན་སྒྲིལ་ཟླ་བའི་རིག་རྩལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    བོད་དུ་མི་རིགས་མཐུན་སྒྲིལ་ནི་ཡིད་ཀྱི་གཏོགས་སེམས་ཡིན་པ་མ་ཟད། ལམ་ལུགས་ཀྱི་ལག་ལེན་བརྟན་པོ་ཞིག་དེ་བས་ཀྱང་རེད། བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དང་དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྔ་རྗེས་སུ་བཏོན་ནས་འཛུགས་གཏོད་ལས་དོན་དེ་ཉིད་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་དུ་བཅུག་ཡོད། 2025ལོར། བཟོ་བཅོས་བརྒྱབ་རྗེས་ཀྱི《སྲོལ་ཡིག》ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི“ཕྱོགས་བརྒྱད”ཀྱི་གཙོ་གནད་ལས་འགན་སྔར་བས་ཁ་གསལ་བཟོས་ཏེ། འཛུགས་གཏོད་ལས་དོན་དེ“མངོན་མེད་དམིགས་ཚད”ནས“དམ་ནན་གྱི་གཅུན་འདོམས”སུ་བསྒྱུར་་ནས་གསར་གཏོད་ལ་གཞི་འཛིན་ས་ཡོད་པ་དང་ཁྲིམས་སྐྱོང་གིས་གཡས་གཞོགས་གཡོན་འདེགས་བྱེད་པའི་ནུས་པ་ཐོན་པར་བྱས་ཡོད། འདི་ལོའི་ཟླ་3ཚེས་12ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་ནས་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    མིག་སྔའི་བར། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(གྲོང་ཁྱེར)དང་། རྫོང(ཆུས་དང་གྲོང་ཁྱེར)38 ཚན་པ་69བཅས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པར་འཛུགས་གཏོད་བྱས་ཡོད། རིམ་རྩིས་བརྒྱབ་ན། མཉམ་སྡེབ་154དང་མི་སྒེར་204ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་སྟེ། མི་རིགས་མཐུན་སྒྲིལ་གྱི“དཔེ་སྟོན་ཁུལ”གངས་ལྗོངས་ས་མཐོར་ཡོངས་སུ་ཁྱབ་ཡོད།

    མི་རིགས་མཐུན་སྒྲིལ་གྱི་འགག་རྩ་ནི“མཉམ་འདྲེས”ལ་ཐུག་ཡོད། བོད་ཀྱིས“འཆར་གཞི་གསུམ”ལག་ལེན་གཏིང་ཟབ་བསྟར་ཞིང་། སྒར་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་བཏོད་དེ་མི་རིགས་ཁག་བར་མཐོངས་དང་། རིག་གནས། དཔལ་འབྱོར། སེམས་ཁམས་སོགས་ཕྱོགས་མང་པོའི་ཐད་ཁྱོན་ཡོངས་ནས་སྦྲེལ་མཐུད་ཐུབ་པར་སྐུལ་འདེད་བཏང་བ་དང་། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་དང་རྣམ་པ་དེ་བས་གསོན་ཉམས་ལྡན་པར་གྱུར་ཡོད།

    ལྷ་ས་གྲོང་ཁྱེར་བརྒྱད་གཅིག་སྡེ་ཁུལ་གྱིས་སྒར་རེས་རྣམ་པའི་མཐུན་སྒྲིལ་སྡེ་ཁུལ་བཏོད་ཅིང་། ཁོངས་གཏོགས་ཁུལ་གྱི་ས་རྒོད་གསར་སྦོལ་གྱི་སྙིང་སྟོབས་ཚད་གཞིར་བྱེད་པ་དང་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་མིག་དཔེར་བྱས་ཏེ། ཁོངས་གཏོཌ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཡུན་རིང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཡིག་རིས་མཉམ་བཀོད་དང་བརྙན་ལམ་འགྲེལ་བཤད་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་རིགས་དང་། བོད་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་རབས་3དང་ཁྱིམ་ཚང་44ཡི་ཁྱིམ་ཚང་གི་ལོ་རྒྱུས་དང་མི་རིགས་ཀྱི་གཏམ་རྒྱུད་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་བརྒྱད་གཅིག་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་70ལྷག་ཙམ་བརྗོད་ཡོད།

    ལྷ་ས་དང་། པེ་ཅིང་། ཅང་སུའུ་སོགས་ཀྱིས་ཁ་གཏད་རོགས་སྐྱོར་གྱི“སེམས་སྦྲེལ་ཟམ་པ”བཙུགས་པ་དང་། “ས་མཐོའི་སེ་འབྲུ་དམར་པོའི”ལྟ་སྐོར་ཚོགས་པའི་འཆར་གཞི་ལག་ལེན་བསྟར་ནས་གཞི་རིམ་མང་ཚོགས་སྒྲིག་འཛུགས་ཀྱིས་ལྗོངས་ཕྱིར་སྤེལ་རེས་བྱས་ཡོད། དེ་དང་ཆབས་ཅིག་ཁུན་མིང་དང་ལིའུ་ཀྲོའུ་སོགས་གྲོང་ཁྱེར་8དབར་ས་ཁོངས་སྒྲོལ་བའི་མཉམ་ལས་གྲོས་མཐུན་བཞག་ནས“318མི་རིགས་མཐུན་སྒྲིལ་ཡར་ཐོན་བར་ཁྱམས”མཉམ་སྐྲུན་བྱས་ཏེ། གངས་ལྗོངས་ས་མཐོའི་མཐུན་སྒྲིལ་མེ་ཏོག་དེ་བས་ཡངས་པའི་ས་གཞིར་ལོ་འདབ་ལྷུག་པོར་གྲོལ་བར་བྱས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར་མི་རིགས་མཐུན་སྒྲིལ་གྱི་ལེའུ་མུ་མཐུད་རྩོམ་བཞིན་ཡོད་ཅིང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལག་ལེན་གཏིང་ཟབ་བསྟར་བ་ནས“རིག་ལྡན་མི་རིགས”ཀྱི་གྲངས་འཛིན་ཅན་གྱི་ལས་སྟེགས་བསྐྲུན་པའི་བར། བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་དེ་བས་སྤུས་ཚད་མཐོ་བ་དང་དེ་བས་དྲོ་སྐྱིད་ལྡན་པའི་ཕྱོགས་སུ་འཕེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།