དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྣང་རྫོང་གིས།

    ཞོག་མངར་ཚོད་འདེབས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལམ་བུ་ཡངས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

     ཞིང་ལས་ཐོན་ལས་གྲུབ་ཆ་རྐྱང་པའི་དཀའ་གནད་སེལ་བ་དང་ཞིང་འབྲོག་པའི་འབབ་འཕར་ལམ་བུ་ཡངས་སུ་གཏོང་ཆེད། སྣང་རྫོང་སྣང་གྲོང་རྡལ་གྱིས་ཞོག་མངར་ཚོད་འདེབས་བྱས་ཤིང་། མིག་སྔར། དུག་སེལ་བྱས་པའི་སྤུས་ལེགས་ཞོག་སོན་བདེ་བླག་ངང་བཏབ་པས་སྐྱེ་འཚར་ཡག་པོ་བྱུང་ཡོད་པ་རེད།

    སྣང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་མང་པོ་ནས་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། “ཁྱབ་ཁོངས་ཆུང་ངུར་ཚོད་འདེབས་དང་རིམ་པས་ཁྱབ་གདལ་གཏོང་བའི”བྱེད་ཐབས་སྤྱད་དེ། ཞོག་མངར་ཡུལ་དེ་གར་འཚམ་འཕྲོད་ཐུབ་པའི་འདེབས་རྩལ་འཚོལ་ཞིབ་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱས་པ་རེད།

    དུས་འགོར་སྣང་གྲོང་རྡལ་གྱིས་མང་ཚོགས་རང་མོས་ངང་ཞུགས་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་ཚོད་འདེབས་བྱས་ཤིང་། སྲིད་འཛིན་གྲོང་ཚོ་4ཡི་གྲོང་མིའི་ཚོགས་ཆུང་9དང་ཞིང་དུད་230ལྷག་ཙམ་ལ་བསྐྱོད་དེ་མང་ཚོགས་ཀྱི་འདོད་འདུན་དང་། ས་རྒྱུའི་ཆ་རྐྱེན། ངལ་རྩོལ་ནུས་ཤུགས་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། མཇུག་མཐར་སྟོད་པ་ཐང་གྲོང་ཚོ་དང་། བར་རེ་གྲོང་ཚོ། ཐོགས་མེད་གྲོང་ཚོ་བཅས་ཀྱི་ཡུལ་མི་60ལྷག་ཙམ་རང་མོས་ངང་ཚོད་འདེབས་ལ་ཞུགས་པ་དང་འདེབས་ཁྱོན་མུའུ་26ཟིན་ཡོད་པ་རེད།

    ཚོད་འདེབས་ལེགས་གྲུབ་ཡོང་བར་བྱ་ཆེད། གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་གོང་རིམ་གྱི་ལས་སྒོའི་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཞོག་སོན་མཁོ་འདོན་གྱི་ཐབས་ལམ་བཏོད་པ་དང་། དུག་སེལ་བྱས་པའི་སྤུས་ལེགས་ཞོག་སོན་ཁྲི་2.8ནང་འདྲེན་བྱས་པར་རིན་ཐང་སྒོར་ཁྲི་1.68ཙམ་ཟིན་པ་དེ་དག་ཚང་མ་ཚོད་འདེབས་ཞིང་དུད་ལ་སྤྲད་ཡོད། མིག་སྔར་ཞོག་མངར་གསོན་ཚད་95%ཡན་ཟིན་ནས་སྔོན་དཔག་བྱས་ན་མུའུ་རེར་ཐོན་འབབ་རྒྱ་མ་4500ཟིན་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་40ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།