ནས་ལས་སྣོན་ཞིབ་ཚགས་བྱས་ནས་ཁྱད་ལྡན་སྤུས་དག་བཟའ་བཅའ་བཏོན་པ།


པར་འདི་གཉིས་ནི་བོད་ལྗོངས་ཁྲུན་ཀོང་བཟའ་བཅའ་ཚད་ཡོད་ཀུང་སིའི་བཟོ་པས་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།
བོད་ཀྱི་འབྲུ་རིགས་སྣ་ལྔའི་ཁྲོད་འདེབས་ཁྱོན་ཆེ་ཤོས་ཡིན་པའི་ནས་ནི་རང་ལྗོངས་ཀྱི་གྲོང་མིའི་བཟའ་འབྲུ་གཙོ་བོ་ཡིན་ལ་འཚོ་བཅུད་ལེགས་པའི་ཁྱད་ལྡན་རྒྱུ་ཆ་ཞིག་ཀྱང་རེད།
བོད་ལྗོངས་ཁྲུན་ཀོང་བཟའ་བཅའ་ཚད་ཡོད་ཀུང་སི་ནི་ནས་ཀྱི་མ་བཅོས་རྒྱུ་ཆ་གསར་སྤེལ་དང་ལས་སྣོན་ཞིབ་ཚགས་ཐོན་སྐྱེད་ལ་རྩེ་གཅིག་ཏུ་གཞོལ་མཁན་ཁེ་ལས་ཤིག་ཡིན་ཞིང་། ཀུང་སིས་སྔ་རྗེས་སུ་ནས་ཀྱི་ཏན་ཞིམ་དང་། ནས་ཀྱི་མྱུར་ཟས་ཐུག་པ། ནས་ཀྱི་སྟབས་བདེའི་ཐུག་པ། ནས་ཀྱི་ཟླ་མཆོད་བག་ལེབ་སོགས་ཁྱད་ལྡན་ཐོན་རྫས་རབ་དང་རིམ་པ་ཞིབ་བཟོ་བྱས་པར་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།