དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུ་ས་ཚིགས་ཀྱིས།

    གཅེས་སེམས་འཚམས་འདྲིའི་ཞལ་འདེབས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    འདི་ནི་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུ་ས་ཚིགས་ཀྱི་ཞལ་འདེབས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུ་ས་ཚིགས་ཀྱིས“གངས་ལྗོངས་ལ་དྲོ་སྐྱིད་སྦྱིན། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད”ཅེས་པའི་གཅེས་སེམས་འཚམས་འདྲིའི་ཞལ་འདེབས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཞབས་ཞུ་ས་ཚིགས་ལ་ཞུགས་པའི་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་དང་འཚོ་བའི་མཁོ་ཆས་སྤྲད་དེ་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་དང་དྲོ་སྐྱིད་སྦྱིན་པའི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ལས་དབང་པོ་སྐྱོན་ཅན་17ལ་ཕན་པ་ཐོབ་པ་དང་། དངོས་རྫས་ཚང་མ་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣས་རང་མོས་ངང་ཞལ་འདེབས་བརྒྱབ་པ་ཤ་སྟག་རེད། བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། ལས་དོན་པས་གཅིག་གཏད་གཅིག་གིས་དབང་པོ་སྐྱོན་ཅན་མི་རེ་ངོ་རེའི་ལག་ཏུ་ཞལ་འདེབས་དངོས་རྫས་སྤྲད་པ་དང་འབྲེལ་བརྒྱུད་རིམ་ཧྲིལ་པོར་སེམས་རྩ་འཁོལ་བའི་ལྟ་སྐྱོང་དང་ཕྱོགས་ཡོངས་ནས་ཐོགས་མེད་འགན་སྲུང་ཞབས་ཞུ་བསྒྲུབས་པ་རེད།

    ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཞབས་ཞུའི་ནང་དོན་ཟམ་མི་ཆད་པར་ཟབ་ཏུ་དང་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་ནས་གཅེས་སེམས་རོགས་སྐྱོར་དང་གཅེས་སྐྱོང་འཚམས་འདྲིའི་བྱེད་སྒོ་རྒྱུན་གཏན་ནས་སྤེལ་གྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།