དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་ནུས་རྒྱུ་དང་དངུལ་རྩའི་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    ཚེས་26ཉིན། ལྗོངས་ཡོངས་ཀྱི་ནུས་རྒྱུ་དང་དངུལ་རྩའི་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    བསྟན་པས་གསུངས་དོན། ད་ཐེངས་ཁྱབ་ཁོངས་དང་ལས་རིགས་དབྱེ་ནས་ཆེད་དོན་ལས་ཞུགས་ལས་དོན་ཚོགས་འདུ་འཚོགས་པ་དེ་ཐོག་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་ཇུས་འདོན་དང་འབེན་དམིགས་ཤུགས་འདོན་གྱི་སྟོན་ཕྱོགས་གསལ་པོ་གང་ལེགས་མངོན་ཡོད། ལས་ཞུགས་ལ་བསྡུ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ནུས་རྒྱུ་དང་དངུལ་རྩའི་ཁེ་ལས་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་ཁེ་ལས་ཀྱི་གཙོ་གནད་ལས་དོན་ནང་བཅུག་ནས་སྤྱི་འདོམས་བཀོད་སྒྲིག་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ནས་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་དང་ཁེ་ལས་ཀྱི་བརྩེ་སེམས་མངོན་པར་བྱེད་དགོས།

    བསྟན་པས་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་མཐུད་ལེགས་སུ་ཕྱིན་པས། ནུས་རྒྱུ་དང་དངུལ་རྩའི་ལས་རིགས་འཕེལ་རྒྱས་ཀྱི་བར་མཐོངས་ཧ་ཅང་ཆེ་བ་དང་ཤེས་ལྡན་པའི་དགོས་མཁོ་ཤིན་ཏུ་ཆེན་པོ་ཡོད། ཁེ་ལས་ཁག་གིས་དུས་བསྟུན་ཤུགས་བརྒྱབ་སྟེ་སྤུས་ལེགས་ལས་ཞུགས་ལས་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་སྔོག་འདོན་དང་རྒྱ་སྐྱེད་བཏང་ནས་ཤེས་ལྡན་པ་དེ་བས་མང་བ་ཁེ་ལས་སུ་ལས་ཞུགས་བྱེད་པར་ཡོང་བའི་ཡིད་དབང་འགུག་ཐབས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།