དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཞིབ་སྲོལ》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཞིབ་སྲོལ》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སྤེལ་རེས་བགྲོ་གླེང་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་ལ་ཞིབ་འཇུག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་བསྟན་དོན། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཞིབ་སྲོལ》ནང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པར་དམིགས་པ་དང་། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་གཤིས་རྒྱུད་ཡག་པའི་ཏང་ཡོན་འཕེལ་རྒྱས་གཏོང་བ་སོགས་ཀྱི་འགྱུར་མེད་བླང་བྱ་ཁ་གསལ་བཏོན་ཡོད་པ་དང་། ཏང་ཡོན་འཕེལ་རྒྱས་གཏོང་བའི་གོ་རིམ་སྔར་བས་ལེགས་སུ་གཏོང་བ་དང་། ཏང་ཞུགས་ཧུར་བརྩོན་ཅན་གཏན་འཁེལ་དང་གསོ་སྐྱོང་སློབ་གསོ། འཕེལ་རྒྱས་གཏོང་ཡུལ་གཏན་འཁེལ་དང་རྟོག་ཞིབ། གྲ་སྒྲིག་ཏང་ཡོན་བསྡུ་ལེན། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་འགོ་ཁྲིད་དང་སྒྲིག་ཁྲིམས་སོགས་ལ་ཚད་གཞི་གསར་པ་བཟོས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཞིབ་སྲོལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་དགོངས་དོན་གྱི་ངོ་བོར་གོ་བ་ནན་ཏན་བླངས་ནས་གཏན་འབེབས་ཀྱི་བླང་བྱ་ཁག་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། སྤྱི་འབོར་ཚོད་འཛིན་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ཚད་གཞི་མཐའ་འཁྱོངས་དང་། གོ་རིམ་ནན་གཏོང་། འགག་སྒོ་ནན་སྲུང་། སྒྲིག་ཁྲིམས་ནན་གཏོང་བཅས་བྱེད་དགོས། སེམས་གཏིང་ནས་ཏང་ནང་ཞུགས་པར་ཤུགས་རྒྱག་པ་དང་། ཆབ་སྲིད་ཐད་ཞིབ་བཤེར་ནན་པོ་བྱེད་པ། འཕེལ་རྒྱས་གཏོང་ཡུལ་གྱི་ཏང་ཞུགས་ཀུན་སློང་དང་། ཆབ་སྲིད་ཀྱི་བྱང་ཚད། བྱ་སྤྱོད་དངོས་ལ་རྟོག་ཞིབ་ནན་པོ་བཅས་བྱེད་དགོས། ཕྱོགས་བསྡུས་དོ་སྙོམས་དང་། རིགས་དབྱེ་མཛུབ་ཁྲིད། འགོ་ཁྲིད་ཡོད་པ། འཆར་གཞི་ཡོད་པ་བཅས་ཀྱི་སྒོ་ནས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཞོན་ནུ་དང་ཐོན་ལས་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་པ། གསར་དར་ཁྱབ་ཁོངས་སུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།