དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་མེ་གསོད་རུ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་བཟའ་བཏུང་ཁང་ཆུང་གྲས་ཀྱི་མེ་ཟོན་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཟི་ལིང་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཞིབ་བཤེར་མི་སྣས་ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་ཁང་ཆུང་གྲས་ལ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། མེ་གསོད་ཆུ་སྒོའི་མདུན་དུ་སྤུངས་པའི་དངོས་ཟོག་རང་སར་གཙང་སེལ་བྱེད་དུ་བཅུག་པ་དང་ཚོང་གཉེར་བར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཕྲལ་མར་བཅོས་སྒྲིག་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད། ཉིན་ཤས་བསྟུད་མར་ཞིང་ཆེན་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་སྡེ་ཚན་གྱིས་བཟའ་བཏུང་ཁང་ཆུང་གྲས་ཀྱི་མེ་སྐྱོན་ཉེན་ཁར་དམིགས་ནས“མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ”ཚད་གཞིར་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ཟབ་ཏུ་གཏོང་བ་དང་དྲིལ་བསྒྲགས་གསོ་སྦྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། བཟའ་བཏུང་ཁང་ཆུང་གྲས་ཀྱི་མེ་ཟོན་བདེ་འཇགས་ཀྱི་སྲུང་བཅད་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ་རེད།

    བཟའ་བཏུང་ཁང་ཆུང་གྲས་མང་ཞིང་ཁྱབ་རྒྱ་ཆེ་བ་དང་མེ་དང་གློག་སྤྱོད་མཁན་གཅིག་སྡུད་ཡོད་པ་དེ་ནི་མེ་ཟོན་བདེ་འཇགས་ལྟ་འདོམས་ཀྱི་གཙོ་གནད་ཁྱབ་ཁོངས་ཤིག་རེད། ཞིང་ཆེན་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་སྡེ་ཚན་གྱིས་མཉམ་འབྲེལ་ཁྲིམས་སྒྱུར་དང་ལྟ་སྐུལ་ཟུར་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ། གློག་སྐུད་ཚད་ལྡན་ཁྲིད་ཡོད་མེད་དང་། ཁ་འགྲེམས་བགྲོད་ལམ་ཤར་གཏོང་ཡོད་མེད། མེ་གསོད་སྒྲིག་ཆས་དང་ཡོ་བྱད་ཆ་ཚང་དང་ཕན་ཐོགས་ཡོད་མེད་བཅས་ལ་དོ་སྣང་ནན་པོ་བྱེད་པ་དང་དུས་མཚུངས“རིགས་གསུམ་གཅིག་སྒྲིལ”གྱི་སྒྲིག་འགལ་ངང་མི་ཞག་སྡོད་དང་དུ་ཁུང་དུས་བཀག་ལྟར་གཙང་སེལ་མ་བྱས་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་པ་རེད། ཤེས་རྟོགས་བྱུང་བའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་དག་ཐེར་གྱི་དུས་ཚད་དང་འགན་འཁུར་བ་རང་སར་ཁ་གསལ་བཟོས་ནས་མངོན་མེད་རྐྱེན་ངན་ཐོ་འགོད་དང་། དག་ཐེར། ཐོ་སུབ་བཅས་ཀྱི་གདུབ་ཟུམ་ཆ་ཚང་ཞིག་ཆགས་པར་བྱས་ཡོད། འགན་འཁྲི་དམ་ནན་དང་། གྲལ་བཤེར་གནད་སྨིན། དྲིལ་བསྒྲགས་གཏིང་ཟབ་སོགས་ཀྱི་བྱེད་ཐབས་བརྒྱུད་མངོན་གསལ་དོད་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་བསལ་ཏེ། མང་ཚོགས་ཀྱི“བདེ་འཇགས་སྟོན་གྲངས”དང“བདེ་སྐྱིད་སྟོན་གྲངས”མཐོ་རུ་ཧུར་ཐག་བཏང་ནས་བཟའ་བཏུང་ལས་རིགས་ཆུང་གྲས་ཀྱི་མེ་ཟོན་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་བཏང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།