དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ​“ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། རེན་ཡན།   |     སྤེལ་དུས།  2026-05-28

    “ཀྲུང་གོའི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་དང་ཞིང་ལས་ལག་རྩལ་རི་ཀླུང་བརྒལ་ནས་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ཏེ་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་འཕར་དང་ཞིང་པའི་འབབ་འཕར་ལ་རམ་འདེགས་བྱས་ནས་ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད” ཉེ་ཆར་ཀྲུང་གོ་ཞིང་ལས་སློབ་ཆེན་རིག་གནས་ཚན་ཁག་གི་འཆད་ཁྲིད་དགེ་རྒན་ཆེ་མོ་བ་དང་རྒྱལ་སྤྱིའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་ཞིང་ལས་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་ལི་ཞའོ་ཡུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། རྒྱུད་འདྲེས་ཆུ་འབྲས་ནས་མ་རྨོས་ལོ་ཏོག་དང་སྲན་ཆེན་བར་དང་། ཚ་འདེབས་ཞིང་ལས་ནས་སྐམ་འདེབས་ཞིང་ལས་བར། ལག་རྩལ་དཔེ་སྟོན་ལྟེ་གནས་ནས་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་གྲོང་ཚོའི་བར། ལོ་10ལྷག་ཙམ་རིང་ཀྲུང་ཧྥེས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་ཀྱི་ལམ་སྲོལ་ལ་བརྟེན་ནས་ཞིང་ལས་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་བས། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅེས་བཤད།

    “ཀྲུང་གོས་སྲོལ་རྒྱུན་ཞིང་ལས་དེང་རབས་ཞིང་ལས་ཀྱི་ཕྱོགས་སུ་བསྒྱུར་བའི་འཕེལ་རིམ་བརྒྱུད་ཡོད། ང་ཚོའི་ཞིང་དུད་ཆུང་ངུའི་ལག་རྩལ་དང་ལེགས་རྨོའི་ཞིབ་ལས་བྱེད་སྟངས་དེ་ཨ་ཧྥེ་རི་ཁའི་ཞིང་ལས་ཀྱི་དངོས་ཡོད་ལེགས་ཆ་དང་འཕེལ་རྒྱས་ཀྱི་དུས་མཚམས་དང་ཧ་ཅང་འཚམ་པོ་ཡོད”ལི་ཞའོ་ཡུན་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་ཀྱི་ལམ་སྲོལ་གྱིས་ཀྲུང་ཧྥེའི་ཞིང་ལས་མཉམ་ལས་ལ་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད། “ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་ལོ་10བསྟུད་མར་ཐན་ཙན་ནི་ཡའི་གྲོང་གསེབ་ཀྱི་འཐབ་ས་དང་པོར་དགེ་སློབ་མངགས་ཡོད། ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ལོ་འཁོར་མོར་ཨ་ཧྥེ་རི་ཁའི་གྲོང་གསེབ་ཏུ་ལས་ཀ་བྱས་ནས་གནད་དོན་དངོས་ཐག་གཅོད་བྱས། ཀྲུང་གོ་ནི་ལྷག་བསམ་རྣམ་དག་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་མཁན་ཞིག་ཡིན་པ་ལས་སྟོང་བཤད་བྱེད་མཁན་ཞིག་གཏན་ནས་མིན”ཞེས་ངོས་འཛིན་བྱས་ཡོད།

    2011ལོ་ནས་བཟུང་། ལི་ཞའོ་ཡུན་གྱིས་སྣེ་ཁྲིད་པའི་ཚན་ཞིབ་རུ་ཁག་གིས་ཐན་ཙན་ནི་ཡའི་མོའོ་ལུའོ་ཀེ་ལུའོ་ཞིང་ཆེན་དུ་མ་རྨོས་ལོ་ཏོག་ཚགས་འདེབས་ཐོན་འཕར་གྱི་ལག་རྩལ་ལྟེ་བར་བྱེད་པའི“ལག་རྩལ་ཆུང་ངུར་ལོ་ལེགས་ཡག་པོ་ཡོང་བའི”རྣམ་གྲངས་གཉེར་ཡོད། “ལག་རྩལ་ཆུང་ངུར་ལོ་ལེགས་ཡག་པོ་ཡོང་བའི”རྣམ་གྲངས་ད་ཆ་ས་གནས་དེ་གའི་ཞིང་དུད་སྟོང་དང་ས་ཞིང་མུའུ་ཁྲིར་ཁྱབ་པ་དང་། དེའི་ནང་ཞུགས་མཁན་ཞིང་དུད་ཀྱི་མ་རྨོས་ལོ་ཏོག་གི་ཐོན་འབབ་ཆ་སྙོམས་ལྡབ་གཅིག་འཕར་བ་དང་ཞིང་དུད་ལ་ལས་སྡོད་ཁང་གསར་པ་ཡང་བརྒྱབ་ཡོད།

    “ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་ཕུགས་ཀྱི་ཇུས་གཞི་ཞིག་རེད་ལ། ཀྲུང་ཧྥེའི་ཞིང་ལས་མཉམ་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགག་རྩ་ཞིག་ཀྱང་རེད”ལི་ཞའོ་ཡུན་གྱིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་ཕྱོགས་ཀྱིས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་དང་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། ཨ་ཧྥེ་རི་ཁར་ཞིང་ལས་ལག་རྩལ་རྐང་འཛིན་པ་འབོར་ཆེན་གསོ་སྐྱོང་བྱས་པས། ཁོང་ཚོ་ཨ་ཧྥེ་རི་ཁའི་ཞིང་ལས་འཕེལ་རྒྱས་ཀྱི་སྲོག་ཤིང་དང་ཀ་རྟེན་ལྟ་བུར་གྱུར་ཡོད། “འབྱུང་འགྱུར་ང་ཚོས་ཀྲུང་ཧྥེའི་ཤེས་ལྡན་མི་སྣའི་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁའི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཞིང་ལས་ལག་རྩལ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་པར་ཡོང་བ་དང་ཆབས་ཅིག ཀྲུང་གོའི་ཚན་ཞིབ་ལས་དོན་པ་ཨ་ཧྥེ་རི་ཁར་བསྐྱོད་དེ་ལག་ལེན་ཁྲོད་ས་གནས་དེ་གའི་དོན་དངོས་དང་དེ་བས་འཚམ་པའི་མཉམ་ལས་ཇུས་གཞི་འཚོལ་ཞིབ་བྱ་རྒྱུ་ཡིན”ཞེས་བརྗོད།

    “ཀྲུང་ཧྥེའི་ཞིང་ལས་མཉམ་ལས་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལི་ཞའོ་ཡུན་གྱིས་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་འཕར་དང་ཞིང་པའི་འབབ་འཕར་ལ་རམ་འདེགས་བྱས་པ་དེས་ས་གནས་དེ་གའི་དམངས་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་དང་ས་གནས་དེ་གའི་དབུལ་པོ་ཉུང་གཏོང་གི་དཀའ་གནད་བསལ་བ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་འབྲུ་རིགས་མཁོ་སྤྲོད་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཆེད་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ཅེས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།