དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་ཀྲུང་གོའི་བྱེ་བཅོས་ངལ་རྩོལ་དཔེ་བཟང་བས་ཨ་རིའི་མཛའ་གྲོགས་མི་སྣ་འཚོལ་བའི་སྐོར་གླེང་བ།

    ​རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དེ་བས་མཛའ་གྲོཌ་ཀྱི་གཏམ་རྒྱུད་མང་པོ་མུ་མཐུད་རྩོམ་ཐུབ་པའི་ཡིད་ཆེས་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-28

    ཉེ་ཆར། མའོ་ཝུའུ་སུའུ་བྱེ་སའི་བྱེ་བཅོས་ནགས་བཟོའི་ལས་ལ་གཞོལ་མཁན་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དབྱིན་ཡུས་ཀྲེན་གྱིས་དྲ་ཐོག་ནས་དེ་སྔ་ཞལ་འདེབས་བརྒྱབ་མྱོང་མཁན་ཨ་རིའི་མཛའ་གྲོགས་མི་སྣ“སའེ་ཁའོ་སི”བཙལ་བ་རེད། ལོ་མང་སོང་རྗེས་ཁོང་གཉིས“དྲ་ཐོག་ནས་སླར་ཡང་ལྷན་འཛོམས”བྱུང་ནས་དྲ་གྲོགས་ཚོས་རྒྱལ་མཚམས་སྒྲོལ་བའི་དགེ་ལས་དང་མཛའ་གྲོགས་ལ་བསྔགས་བརྗོད་བྱས་པ་རེད། དེའི་ཐད་ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛའ་གྲོགས་ཀྱི་གཏམ་རྒྱུད་དེ་བས་མང་བ་མུ་མཐུད་བརྩམས་ནས་ཀྲུང་ཨའི་འབྲེལ་བར་རྒྱུན་ཆད་མེད་པར་གསོན་ཤུགས་བསྣན་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།

    མའོ་ཉིང་གིས་ལོ་20ལྷག་ཙམ་གོང་། ཀྲུང་གོར་དགེ་རྒན་གྱི་ལས་ལ་གཞོལ་མཁན་ཨ་རིའི་དགེ་རྒན་ས་ཁོར་སི་ཅིས་ཨ་སྒོར་5000གྲབས་གསོག་བྱས་ནས་དབྱིན་ཡུས་ཀྲེན་བཟའ་ཚོར་བྱེ་བཅོས་ནགས་བཟོ་བྱེད་རོགས་བྱས་པ་དང་ད་ཆ་དགེ་སྒྲུབ་དངུལ་དེ་དག་ཤིང་སྡོང་ཆེན་པོ་ཁྲི་5ལྷག་ཙམ་དུ་གྱུར་ཡོད། “རྒྱལ་མཚམས་སྒྲོལ་བའི་བརྩེ་སེམས་དེ་ནི་ཀྲུང་ཨའི་དམངས་ཁྲོད་མཛའ་གྲོགས་འགྲོ་འོང་གི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད”ཅེས་མའོ་ཉིང་གིས་བརྗོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་གཏམ་རྒྱུད་ནི་མི་དམངས་ཀྱིས་བྲིས་པ་ཞིག་རེད་ཅེས་གསུངས་པ་བཞིན་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛའ་གྲོགས་ཀྱི་གཏམ་རྒྱུད་དེ་བས་མང་བ་མུ་མཐུད་བརྩམས་ནས་ཀྲུང་ཨའི་འབྲེལ་བར་རྒྱུན་ཆད་མེད་པར་གསོན་ཤུགས་བསྣན་རྒྱུའི་ཡིད་ཆེས་ཡོད”ཅེས་མའོ་ཉིང་གིས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།