དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་སུའུ་ལན་ཡུན་ཀང་དུ་རང་རྒྱལ་གྱིས་བཟོས་པའི་ལས་གྲྭའི་རླངས་འཁོར་གྲུ་གཟིངས་ནང་བླུགས་ནས་ཕྱིར་གཏོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-28


    འདི་ནི་2026ལོའི་ཟླ་5ཚེས་25ཉིན། ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲུ་ཁའི་ཤར་ཕྱོགས་གྲུ་ཁའི་ལས་སྒྲུབ་ཡན་ལག་ཀུང་སིའི་གྲུ་ཁར་ཟོག་འདྲེན་གྲུ་གཟིངས་ཤིག་ནང་ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་པའི་ལས་གྲྭའི་རླངས་འཁོར་བླུག་བཞིན་པ།

    ཉིན་ཤས་བསྟུད་མར། ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲུ་ཁས་ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་པའི་རླངས་འཁོར་གྲུ་གཟིངས་ནང་བླུག་མང་བའི་དུས་སུ་སླེབས་ཤིང་། འགག་སྒོ་ལས་ཁུངས་དང་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཤར་སྐྱོད་བགྲོད་ལམ་བཏོད་དེ་འགྲོ་ལུགས“གཅིག་འཐུས་རྣམ་པའི”སྒོ་ནས་གཉེར་བ་དང་གྲུ་གཟིངས“སྒུག་མི་དགོས་པར”འགག་སྒོ་སྒྲོལ་བ་སོགས་ཀྱི་ཞབས་ཞུ་བྱ་ཐབས་བཏོན་ནས་ཉིན་མཚན་བསྟུད་མར་འཁོར་རྒྱུག་བྱས་པས། རྒྱལ་སྤྱིའི་གྲུ་གཟིངས་མང་པོར་དུས་གཅིག་ཏུ་དངོས་ཟོག་བླུགས་ཐུབ་ནས་རང་རྒྱལ་གྱིས་བཟོས་པའི་ལས་གྲྭའི་རླངས་འཁོར་ཕྱིར་གཏོང་མགྱོགས་སུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།