དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྒོར་ཁྲི་2000བཏང་ནས་ཁྲུང་ཆིང་གྲོང་ཁྱེར་གྱི་ཆུ་ལོག་དང་ས་གཤིས་གནོད་འཚེ་ཚབས་ཆེན་རྗེས་ཀྱི་འཕྲལ་སྡོམ་སླར་གསོའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-28

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་2000ཛ་དྲག་ངང་བཀོད་སྒྲིག་བྱས་ཏེ། ཁྲུང་ཆིང་གྲོང་ཁྱེར་གྱིས་ཆུ་ལོག་དང་ས་གཤིས་གནོད་འཚེ་བྱུང་རྗེས་ཀྱི་འཕྲལ་སྡོམ་སླར་གསོའི་ལས་དོན་ཡག་པོ་བསྒྲུབ་པར་རྒྱབ་སྐྱོར་བྱས་ཤིང་། མ་དངུལ་དེ་དག་གཙོ་བོར་གེགས་ཁུལ་གྱི་གཏོར་སྐྱོན་ཕོག་པའི་བགྲོད་ལམ་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གྲྭ་དང་སྨན་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་གེགས་རྗེས་འཕྲལ་སྡོམ་སླར་གསོ་འཛུགས་སྐྲུན་ལས་དོན་ཐད་བཏང་ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་གང་མགྱོགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་གྱི་ས་ཁུལ་ཁག་གཅིག་ལ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཡོད། ཟླ་5ཚེས་24ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་ལས་དོན་སྤེལ་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།