དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་གྲང་ཕྲེང་ཟོག་འགྲུལ་གྱི་སྤྱིའི་མཁོ་ཚད་དུས་མཚུངས་ལས་4.46%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-28

    ཚེས་25ཉིན། ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཚིགས་དང་པོའི་གྲང་ཕྲེང་ཟོག་འགྲུལ་འཁོར་སྐྱོད་ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལས་མངོན་པར། དུས་ཚིགས་དང་པོར་བཟའ་བཅའི་གྲང་ཕྲེང་ཟོག་འགྲུལ་ལས་སྒོའི་སྤྱིའི་མཁོ་ཚད་ཏུན་དུང་ཕྱུར་0.867ཟིན་པ་དེ་དུས་མཚུངས་ལས་4.46%འཕར་བ་དང་། འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.16མགྱོགས་སུ་ཕྱིན་ཡོད། གྲང་ཕྲེང་ཟོག་འགྲུལ་ཞབས་ཞུའི་ཁེ་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1412.48ཟིན་པ་དེ་དུས་མཚུངས་ལས་3.76%འཕར་བ་དང་དགོས་མཁོ་ཆེ་རུ་ཤུགས་ཆེན་ཕྱིན་ནས་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ནུས་རྒྱུ་གསར་པའི་གྲང་ཉར་རླངས་འཁོར་ཕྱིར་ཚོང་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། དུས་ཚིགས་དང་པོར་གྲང་ཉར་རླངས་འཁོར་ཕྱིར་ཚོང་བྱེད་ཚད་14074ཟིན་པ་དེ་དུས་མཚུངས་ལས་27.98%འཕར་བ་དང་། དེའི་ནང་། ནུས་རྒྱུ་གསར་པའི་གྲང་ཉར་རླངས་འཁོར་ཕྱིར་ཚོང་བྱེད་ཚད་4945ཟིན་པ་དེ་དུས་མཚུངས་ལས་6.55%འཕར་བ་དང་། ནུས་རྒྱུ་གསར་པའི་གྲང་ཉར་རླངས་འཁོར་གྱིས་བསྡུར་ཚད་བཟུང་ཚད་35.14%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.14འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།