“སྤྲིན་ཟམ”སྐྲུན་བཞིན་པ།

ཟླ་5ཚེས་25ཉིན། ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་ཤིས་ཧོའུ་མོན་དུ་སྐྲུན་བཞིན་པའི་ཤིས་ཧོའུ་མོན་གཞུང་ལམ་དང་ལྕགས་ལམ་ཉིས་སྤྱོད་ཟམ་ཆེན་གྱི་ཅིན་ཐང་ངོགས་ཀྱི་མཐོ་ལྕོག་གཙོ་བོའི་ལས་ཡུལ་དུ་ལས་བཟོ་ཚོས་སྨི་280ལྷག་ཙམ་གྱི་ཨར་ལས་ལས་སྟེགས་སུ་ལྕགས་རྩིབས་སྡོམ་པ་དང་ལུགས་རྒྱག་བཞིན་ཡོད།
མིག་སྔར། མཐོ་ལྕོག་གཙོ་བོའི་འཛུགས་སྐྲུན་དེ་ཉིད་མཇུག་འགྲིལ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཤིས་ཧོའུ་མོན་གཞུང་ལམ་དང་ལྕགས་ལམ་ཉིས་སྤྱོད་ཟམ་ཆེན་གྱིས་ཅིན་ཐང་གླིང་ཕྲན་དང་ཚེ་ཙེ་གླིང་ཕྲན་འབྲེལ་མཐུད་བྱས་ཡོད་པ་དང་། དེ་ནི་ཡུང་ཀྲོའུ་ལྕགས་ལམ་དང་ཡུང་ཀྲོའུ་མྱུར་བགྲོད་གཞུང་ལམ་ཉིས་གཤིབ་མའི་འགག་རྩའི་རང་བཞིན་གྱི་ཚོད་འཛིན་ལས་གྲྭ་ཡིན་པ་དང་ལམ་རྒྱུད་ཧྲིལ་པོ་བསྐྲུན་རྗེས་ཀྲོའུ་ཧྲན་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།