ལང་ཚོ་ཆུད་ཟོས་མི་གཏོང་བར། འབད་འབུངས་གཡུར་ཟའི་གྲུབ་འབྲས་བཏོད།

འདི་ནི་ལྷུན་རྩེ་རྫོང་མི་དམངས་མང་ཚོགས་ལས་དོན་པུའུ་ཡིས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན“མེ་ལྕེ་སྔོན་པོའི”གཞོན་ནུ་འཕྲལ་སྒྲུབ་རུ་ཁག་ལ་དར་ཆ་སྤྲད་ནས་མེ་ཟོན་བཀོད་འཐབ་པའི་དམངས་ལ་ཞབས་འདེགས་ཞུ་བའི་གཟི་བརྗིད་བསམ་པ་དང་འགན་འཁྲིའི་བསམ་པ་ཇེ་ཆེར་གཏོང་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་རྫོང་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུའི་གཞི་རིམ་ལས་ཀའི་ཉམས་མྱོང་གསོག་པ་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བར་དམིགས་ཏེ། རྫོང་ཡོངས་སུ་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་བཙུགས་ནས། རྒྱ་ཆེའི་གཞོན་ནུར་གཞི་རིམ་ལག་ལེན་ཁྲོད་དེ་བས་ཧུར་བརྩོན་དང་རང་འགུལ་ངང་ཞུགས་ཏེ་མཛེས་སྡུག་ལྡན་པའི་ལྷུན་རྩེ་འཛུགས་སྐྲུན་བྱ་ཆེད་གཞོན་སྐྱེས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བར་ཁྲིད་སྟོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།