གཅེས་སེམས་སློབ་འཁོར་གྱིས་སློབ་ཕྲུག་གི་བདེ་འཇགས་སྲུང་བ།

འདི་ནི་སློབ་འཁོར་གཏོང་འགོ་ཚུགས་པའི་མཛད་སྒོ་སྤེལ་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུས་ཀྱིས་རྫོང་ཡོངས་ཀྱི་སློབ་འཁོར་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་ཚད་ལྡན་ཅན་གྱི་ཆེད་སྤྱོད་སློབ་འཁོར་20བཏང་བ་དེ་དག་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་8ལ་ཁྱབ་ནས་སློབ་མ་2000ཙམ་ལ་ཕན་པ་ཐོབ་སྟེ། ཐག་རིང་ལུང་ཁུག་གྲོང་གསེབ་ཀྱི་སློབ་མ་སློབ་གྲྭར་འགྲོ་བའི་ལམ་ཐག་རིང་བ་དང་། རླངས་འཁོར་གཞན་དུ་སྡོད་སྐབས་བདེ་འཇགས་མེད་པ། ཁྱིམ་བདག་གིས་བསུ་སྐྱེལ་དཀའ་བ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་རེད།
འབྲེལ་ཡོད་གསར་འགྱུར།