རིག་རྩལ་གྱི་འབྲེལ་ཟམ་བཙུགས། སེམས་མཐུན་གྱི་རྨང་གཞི་བཏིང་།

ཉེ་ཆར། “ང་ཚོ་མཉམ་དུ་ཡོད”ཅེས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྱད་ལྡན་སློབ་གསོའི་སྤུས་རྟགས་གཏོད་པའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གི་དགེ་སློབ་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། གཏིང་ཟབ་པའི་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད། བོད་ལྗོངས་མི་རིགས་སློབ་ཆེན་གྱིས“ང་ཚོ་མཉམ་དུ་ཡོད”ཅེས་པའི་སློབ་རའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་སློབ་རའི་རིག་གནས་ཚོང་འདུས་སུ་རིག་གནས་གྲུབ་འབྲས་འགྲེམས་སྟོན་དང་། མི་རིགས་ཀྱི་རིག་གནས་མྱོང་རོལ། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ཚན་རིག་ཁྱབ་གདལ། མི་སེམས་དྲོ་བའི་སྤྱི་ཕན་ཞབས་ཞུ་སོགས་ནང་དོན་མང་པོ་ཡོད་པས། སྤྲོ་སྣང་རབ་ཏུ་འཕེལ་བ་དང་བཀྲག་མདངས་འཚེར་ས་མང་པོ་ཡོད་ཅིང་། འདི་ནི་སློབ་མས་སྨོན་ཚིག་འབྲི་བཞིན་ཡོད་པ།
འབྲེལ་ཡོད་གསར་འགྱུར།