དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས” ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-27

    ཚེས་25ཉིན་གྱི་ཕྱི་དྲོར། “ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་ནས‘ལོ་ལྔ་ཚན་བཅོ་ལྔ་པར’འབད་འབུངས་བྱེད”ཅེས་པའི་2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་ནས“ཁྱིམ་ཚང་ཡག་ཤོས”20གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཚོགས་འདུར་ཞུཌ་ནས“ཁྱིམ་ཚང་ཡག་ཤོས”ཀྱི་འཐུས་མིར་ལག་ཁྱེར་སྤྲད་པ་དང་གསུང་བཤད་གནང་བ་རེད།

    ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས“ཁྱིམ་ཚང་ཡག་ཤོས”ཀྱི་མཚན་སྙན་ཐོབ་པའི་ཁྱིམ་ཚང་ལ་རྟེན་འབྲེལ་ཞུས་པ་མ་ཟད། དུས་ཡུན་རིང་པོའི་ནང་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་བྱེད་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་སེམས་ནུས་ཡོད་རྒུས་ཞབས་འདེགས་ཞུ་མཁན་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ཞུས་ཀྲི་ཝུན་གྱིས། “ཁྱིམ་ཚང་ཡག་ཤོས” ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ། སྤྱི་ཚོགས་ཀྱི་ཤེས་དཔལ་སྲོལ་གསར་གྱི་དཔེ་སྟོན་པ་དང་སྣེ་ཁྲིད་པ་ཞིག་ཧུར་ཐག་བྱེད་དགོས་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཁྱིམ་ཚང་གིས“ཁྱིམ་ཚང་ཡག་ཤོས”ཚད་གཞིར་བཟུང་སྟེ། ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་ཁྱིམ་གཞིས་བཟང་པོ་མཉམ་དུ་སྐྲུན་དགོས་པ། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་པ། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ། ཁྱིམ་ཚང་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་དོན་ཞིབ་ཚགས་དང་གཏིང་ཟབ་བསྒྲུབས་ནས། རྒྱ་ཆེའི་ཁྱིམ་ཚང་གི་སེམས་རྩ་འཁོལ་བའི་མི་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡོངས་བསྒྲགས་མཛད་སྒོར“ཁྱིམ་ཚང་ཡག་ཤོས”ཀྱི་འཐུས་མི་གདན་དྲངས་ནས། 《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》(དེབ་གཉིས་པ)བཀླགས་རྗེས་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་ཆབས་ཅིག “ཁྱིམ་ཚང་ཡག་ཤོས”ཀྱི་དྲིལ་བསྒྲགས་བརྙན་ལམ་བལྟས་ནས“ཁྱིམ་ཚང་ཡག་ཤོས”ཀྱི་འཐུས་མིར་བཅར་འདྲི་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།