དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་ཞུགས་ཐུབ་ཚད་ལོ་དྲུག་བསྟུད་མར་98%ཡན་རྒྱུན་འཁྱོངས་ཐུབ་པ།

    བོད་ལྗོངས་ལག་ཤེས་སློབ་གླིང་གིས་རྩལ་ནུས་ཤེས་ལྡན་པ་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-27

    ཉེ་ཆར། གསར་འགོད་པར་བོད་ལྗོངས་ལག་ཤེས་སློབ་གླིང་ནས་ཤེས་རྟོགས་བྱུང་བར། སློབ་གླིང་དེའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་དྲུག་བསྟུད་མར་98%ཡན་རྒྱུན་འཁྱོངས་ཐུབ་པ་དང་། 2025ལོའི་སློབ་ཐོན་སློབ་མའི་ཁྲོད་གླ་ཕོགས་སྒོར་6000ཡན་ནམ་ཡང་ན“འགན་བཅོལ་གསུམ”འཇལ་མཁན་གྱིས་བཟུང་བའི་བསྡུར་ཚད་30%ལས་བརྒལ་ཡོད།

    ལས་ཞུགས་ཐུབ་ཚད་མཐོ་པོ་ཡོད་དོན་ནི་བོད་ལྗོངས་ལག་ཤེས་སློབ་གླིང་གི“མངགས་ཐོ་རྣམ་པ་དང་ཚལ་ཐོ་རྣམ་པ”ཟུང་འབྲེལ་གྱི་གསོ་སྐྱོང་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་འབྲེལ་བ་ཡོད། སློབ་གླིང་དེས་བཙུགས་པའི་བོད་རང་སྐྱོང་ལྗོངས་ཐོན་སློབ་ཚོགས་པས་ཚན་པ་200ཙམ་གཅིག་ཏུ་བསྡུས་ནས་སློབ་ཚན་མཉམ་འཛུགས་དང་ཤེས་ལྡན་པ་མཉམ་གསོ་བྱས་ཏེ“སློབ་གྲྭ་དང་ཁེ་ལས་ཀྱི་མཛུབ་ཁྲིད་དགེ་རྒན་གཉིས་ཀྱི་ལམ་ལུགས”ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད།

    ལྷག་པར་དུ་སློབ་གླིང་དེས་བབ་བསྟུན་བརྟག་ཞིབ་བྱས་པ་བརྒྱུད། ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་ལྟར་ཆེད་ལས་དང་སློབ་ཚན་བཀོད་སྒྲིག་སྟབས་བསྟུན་ལེགས་སྒྲིག་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་དང་ལས་གནས་ཀྱི་འཇོན་ཐང་ཚད་གཞི་འབྲེལ་མཐུད་དམ་ཟབ་ཐུབ་པའི་འགན་ལེན་བྱས་ནས་སློབ་མ་ལས་ཞུགས་ཐུབ་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད།

    གཞན་ཡང་། 2020ལོ་ཚུན་་དུ། སློབ་གྲྭ་དེས་ཐོན་སློབ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ། གསོ་སྦྱོང་གི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1.1ལྷག་ཙམ་ལ་སྤྱི་ཚོགས་ཅན་གྱི་གསོ་སྦྱོང་བྱས་པ་དང་། ལས་ཞུགས་གཞན་སྒྱུར་བྱེད་ཚད་60%ལས་བརྒལ་བ།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།