དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སློབ་གྲྭ་ཆེན་མོར“རིག་ཚལ་གླེང་སྟེགས”ཀྱི་མུ་འབྲེལ་འཆད་ཁྲིད་ཐེངས་བཞི་པ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། གནམ་ཕྱུག་རྒྱལ་དང་། བསྟན་འཛིན།   |     སྤེལ་དུས།  2026-05-27

     ཉེ་ཆར། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གིས“རིག་ཚལ་གླེང་སྟེགས”དགེ་རྒན་གྲགས་ཅན་གྱི་མུ་འབྲེལ་འཆད་ཁྲིད་ཐེངས་བཞི་པ་རྔ་ཆེན་སློབ་ཁུལ་གྱི་མི་རིགས་རིག་གནས་ཐོག་ཁང་གི་རིག་གཞུང་སྙན་ཞུའི་ཚོམས་ཆེན་དུ་བདེ་བླག་ངང་གཉེར་ཞིང་། གདན་ཞུས་ལྟར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་འབུམ་རམས་པ་དང་དགེ་རྒན་ཆེ་མོ་བ་དམེ་ཤུལ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས《རྔོག་བློ་ལྡན་ཤེས་རབ་དང་ཚད་མ་རིག་པ——རིག་གནས་རྒྱུན་འཛིན་ཁྲོད་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ཀྲུང་གོ་ཅན་གྱི་ལག་ལེན》ཞེས་པའི་འཆད་ཁྲིད་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཆད་ཁྲིད་ཉན་པ་བརྒྱུད། སྐལ་ལྡན་གྱི་སློབ་བུ་རྣམས་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཟི་དཔལ་ལ་རྒྱུས་མངའ་ཟབ་མོ་བྱུང་བ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དགེ་མཚན་ལྡན་པའི་སྐུལ་མ་ཡང་ཐེབས་ཡོད། “རྔོག་བློ་ལྡན་ཤེས་རབ་མཆོག་གི་རྣམ་ཐར་དང་ལོ་ཙཱའི་མཛད་འཕྲིན་སྐོར་གྱི་འཆད་ཁྲིད་ལ་ཉན་རྗེས། སྔ་རབས་མཁས་པ་དང་ཁོང་རྣམ་པའི་གསུང་རྩོམ་ནི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རྟོགས་བྱུང་། གཞན་ཡང་། སློབ་གླིང་གིས་འདི་ལྟ་བུའི་རིག་གནས་བྱེད་སྒོ་གཉེར་བ་ནི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལག་ལེན་དངོས་ཤིག་ཀྱང་རེད”ཅེས་འབུམ་རམས་ལོ་རིམ་དང་པོའི་སློབ་མ་ཀླུ་འབུམ་གྱིས་གསར་འགོད་པར་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།