དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞིབ་འཇུག་ཁང་དངོས་སུ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-27

    ཉིན་ཤས་གོང་། ཧུའུ་བོད་ས་གནས་གཉིས་ཀྱི་མཛའ་བརྩེ་ཟབ་མོ་དང་ཕྱོགས་བཞིའི་བློ་གྲོས་གཅིག་ཏུ་བསྡུས་པའི་ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞིབ་འཇུག་ཁང་དངོས་སུ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞིབ་འཇུག་ཁང་ནི“བོད་ལྗོངས་དང་ཧུའུ་པེའི་ལས་དོན་བཞུགས་མོལ་ཚོགས་འདུའི”དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགག་རྩའི་གཞི་རྟེན་ཞིག་ཡིན་ལ། རྒྱལ་ཡོངས་སུ་ཐོག་མར་བཏོད་པའི“ས་གནས་སྲིད་གཞུང་དང་། བོད་སྐྱོར་ལས་དོན་རུ་ཁག མཐོ་སློབ”བཅས་ཟུང་དུ་འབྲེལ་བའི་ཕྱོགས་གསུམ་མཉམ་སྐྲུན་བྱེད་སྟངས་ཀྱི་དངོས་ཚན་ཅན་གྱི་འཁོར་སྐྱོད་ཅིག་ཀྱང་རེད། ཞིབ་འཇུག་ཁང་དེས་ལྷོ་ཁ་གྲོང་ཁྱེར་གྱི“སྣེ་གཅིག་དང་ཁུལ་ལྔའི”འཐབ་ཇུས་ངེས་གནས་དང“ཐོན་ལས་ཀྱི་འཁོར་འབྲེལ་ཆེན་པོ་བདུན”གྱི་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི“ཕྱོགས་རྐྱང་གཞན་བརྟེན”གྱི་རྣམ་པ་མེད་པར་བཟོས་ནས། ཧུའུ་པེའི་ནུས་པ་དང་ལྷོ་ཁའི་དགོས་མཁོ་སྦྲེལ་མཐུད་གནད་སྨིན་བྱས་པ་བརྒྱུད། ས་མཐོའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་སྒུལ་ནུས་མི་འདང་བའི་དཀའ་གནད་བསལ་ཏེ། ས་མཐོའི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་ཆེད་རེད།

    ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞིབ་འཇུག་ཁང་དང་ཧུའུ་པེ་རྒྱལ་ཁབ་ལག་རྩལ་སྤོ་སྒྱུར་དབུས་རྒྱུད་ལྟེ་གནས་ལྷོ་ཁ་ཡན་ལག་ལྟེ་གནས་གཉིས་གཞི་གཅིག་འཁོར་སྐྱོད་བྱས་ནས། “སྲིད་གཞུང་དང་། བོད་སྐྱོར། སློབ་གྲྭ ཞིབ་འཇུག་ཁང་། ཁེ་ལས”བཅས་ཕྱོགས་ལྔ་གཞི་གཅིག་གི་མཐུན་སྦྱོར་གསར་གཏོད་ཁོར་ཡུག་བཏོད་ཡོད། ཧུའུ་པེའི་མཐོ་སློབ་མནའ་འབྲེལ་ལ་བརྟེན་ནས་ཞིབ་འཇུག་ཁང་དེས་སློབ་གླིང་ཁག་25ཡི་སྟོབས་ཤུགས་རྩེ་གྲ་བསྡུ་རུབ་བྱས་ཏེ། ཡོན་ཧྲི་དང་། རྒྱལ་ཁབ་ཀྱི་གཞོན་ནུ་ཕུལ་བྱུང་། འབྲི་ཆུའི་མཁས་དབང་བཅས་ཚུད་པའི་རིམ་པ་མཐོ་བའི་རིགས་གཅིག་མཁས་ཅན་ཚོགས་པ་9བཙུགས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།