དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་བ་དང་པོ་ནས་བཞི་པའི་བར་བོད་ཀྱིས་ནེ་པ་ལ་ནས་སྔོ་གཟན་ཏུན་བཞི་བརྒྱ་ལྔ་བཅུ་ལྷག་ཙམ་ནང་འདྲེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-27

    ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་བོད་ཀྱི་འགག་སྒོ་བརྒྱུད་དེ་ནེ་པ་ལ་ནས་སྔོ་གཟན་ཏུན་459.25ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་168%འཕར་ཡོད། དེ་ཡང་གཟན་རྩྭ་སྤུས་ལེགས་ནང་འདྲེན་བརྟན་པོ་བྱས་པས་ས་མཐོའི་འབྲོག་ལས་ཀྱི་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་རྨང་གཞི་བརྟན་པོ་བཏིངས་པ་མ་ཟད། མཚོ་བོད་ས་མཐོའི་རྩྭ་རའི་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་ནས། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀར་ཕན་པ་ཐོབ་པར་སྐུལ་འདེད་བཏང་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་འབྲོག་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས་སྤུས་ལེགས་གཟན་ཆག་གི་ཁྲོམ་རའི་དགོས་མཁོ་བརྟན་པོའི་ངང་འཕར་བཞིན་ཡོད། དེས་ན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཀྲུང་ནེའི་གཟན་རྩྭ་འདེབས་འཛུགས་ཀྱི“ཏུན་སྟོང་གི་འཆར་གཞི”དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲོག་ལས་ཀྱི་གསོ་ཚགས། དེ་བཞིན་གཟན་ཆག་ནང་འདྲེན་ཁེ་ལས་བཅས་ལ་རང་འགུལ་ངང་སྦྲེལ་མཐུད་ཀྱིས་ཁོངས་གཏོགས་ཁུལ་གྱི་འབྲོག་ལས་ཀྱི་གཟན་ཆག་མི་འདང་བའི་གནས་ཚུལ་དང་ནང་འདྲེན་གྱི་དགོས་མཁོ་གནད་སྨིན་མཐིལ་རྟོགས་བྱས་ཏེ། ནེ་པ་ལའི་སྤུས་ལེགས་སྔོ་གཟན་གོ་རིམ་ལྡན་པའི་ངང་ནང་འདྲེན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    ཇོ་མོ་གླང་མ་ཞིང་ལས་མ་འཇོག་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་ཝང་ཡུན་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོ་ནས་ད་བར་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་ནེ་པ་ལ་ནས་སྔོ་གཟན་ཏུན་2813ནང་འདྲེན་བྱས་པ་དང་རྗེས་སུ་མུ་མཐུད་ནས་ནང་འདྲེན་བྱེད་ཚད་ཏུན་2000ནས་3000བར་མང་དུ་གཏོང་རྩིས་ཡོད་པ་དང་། ཀྲུང་ནེའི་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བར་རྒྱུན་མཐུད་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

    ནང་འདྲེན་གྱི་གཟན་ཆག་བདེ་འཇགས་ངང་འགག་སྒོ་ནས་སྒྲོལ་བར་འགན་ལེན་བྱ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ནང་འདྲེན་ནད་བཤེར་ལྟ་འདོམས་ཀྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱེད་པ་དང་། འགག་སྒོའི་ལས་སྒྲུབ་ཀྱི་བརྒྱུད་རིམ་ཞིབ་ཕྲ་བཟོ་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མཐའ་མཚམས་ཀྱི་རྒྱལ་སྒོ་ནས་ཡོང་བའི་སྐྱེ་དངོས་ཀྱི་བདེ་འཇགས་དང་། ས་མཐོའི་སྐྱེ་ཁམས་བདེ་འཇགས། གཟན་ཆག་གི་སྤུས་ཚད་བདེ་འཇགས་བཅས་ཀྱི་འགོག་སྲུང་འཛིང་རགས་ནན་པོ་བསྲུངས་བ་དང་ཆབས་ཅིག འཛིན་ཡིག་ལ་སྔོན་ནས་ཞིབ་དཔྱད་དང་ཐད་གཏོགས་ཀྱི་འགག་སྒོ་མི་འདྲ་བའི་ལྟ་འདོམས་བྱ་ཡུལ་ལས་སྒྲོལ་བའི“དངོས་དཔེ་ཐད་སྐྱེལ”སོགས་སྟབས་བདེའི་ཞབས་འདེགས་ཞུ་སྟངས་བཏོན་པ་དང་འགག་སྒོ་དང་ཁེ་ལས་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། འགག་སྒོ་སྒྲོལ་བའི་དུས་ཚོད་མུ་མཐུད་ཐུང་དུ་བཏང་བ་དང་ཁེ་ལས་གཉེར་སྐྱོང་གི་མ་གནས་དམའ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།