དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིར“མཛའ་གྲོགས་བྱས་རྗེས་གཟེངས་རྟཌ”སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-05-27

    ཟླ་5ཚེས་25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིར“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་འཚོགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིར“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

    ཀྲུང་གོ་དང་སེར་པི་ཡ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གྲལ་སྟར་བསྒྲིགས་པ་དང་རྒྱབ་ལྗོངས་པང་ལེབ་ཐོག་གི“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཀྱི་རི་མོ་བཀྲག་མདངས་རབ་ཏུ་འཚེར། བྱས་རྗེས་གཟེངས་རྟགས་སྤྲོད་པའི་སྟེགས་བུའི་གཞོགས་གཉིས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་གུས་དམག་ཀྲོང་ངེར་ལངས་ནས་ཡོད།

    མཛད་སྒོ་འགོ་ཚུགས་མ་ཐག་རྔམ་བརྗིད་ལྡན་པའི་གུས་ལུགས་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་། གསེར་མདོག་གི་རྒྱལ་སྒོ་དལ་གྱིས་ཕྱེ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝུའུ་ཆི་ཆི་ལྷན་དུ་ཚོམས་ཆེན་དུ་ཕེབས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་ཙུང་ཐུང་ཝུའུ་ཆི་ཆིའི་སྐུ་ཟླ་ཐཱ་མ་ལཱ་རྣམ་གཉིས་ལྷན་དུ་ཕེབས་པ་རེད། ཚོགས་ར་ཡོངས་ཀྱི་སྐུ་མགྲོན་ཡར་བཞེངས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་དང་མིག་འདུད་ཞུས།

    ཞི་ཅིན་ཕིང་དང་ཝུའུ་ཆི་ཆི་བྱས་རྗེས་གཟེངས་རྟགས་སྤྲོད་པའི་སྟེགས་བུར་ཕེབས།

    དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ།

    དེ་རྗེས་ཞི་ཅིན་ཕིང་གིས་ཤིས་ཚིག་བསྒྲོན་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ཝུའུ་ཆི་ཆིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་སེར་པི་ཡའི་མཛའ་གྲོགས་ལས་ལ་གཞོལ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཁོང་ནི་ཀྲུང་སེར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་མཁན་དང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་གནང་མཁན་ཞིག་རེད། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེ་བའི་འབྲེལ་ཡོད་གནད་དོན་གལ་ཆེན་ཐད་ཙུང་ཐུང་ཝུའུ་ཆི་ཆིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་ཤོས་དང་ཁ་གསལ་ཤོས་གནང་བར་རྒྱ་ཆེའི་ཀྲུང་གོའི་མི་དམངས་ཀྱི་བརྩི་འཇོག་ཐོབ་ཡོད། མིག་སྔར། ཀྲུང་སེར་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྲག་ལྟར་བརྟན་ལ་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ལ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད་པ་དང་། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ནས་མཛའ་གྲོགས་མཉམ་ལས་ཀྱི་དཔེ་མཚོན་རྣམ་གྲངས་གཅིག་རྗེས་གཉིས་མཐུད་དུ་བཏོད་ཡོད། ཀྲུང་སེར་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། མཉམ་ལས་གཉིས་ཕན་དང་ཕན་ཚུན་སྐྱོང་རེས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་སྐྲུན་པ་བཅས་བྱས་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་དཔེ་མཚོན་བཏོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་དཔྱད་གཞིར་འཛིན་རིན་ཡོད་པའི་མིག་དཔེ་ཞིག་བསྟན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ལ་སྤྲོད་པའི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཀྱི་བྱས་རྗེས་གཟེངས་རྟགས་ཤིག་རེད། བྱས་རྗེས་གཟེངས་རྟགས་འདི་ནི་ཙུང་ཐུང་ཝུའུ་ཆི་ཆིས་ཀྲུང་སེར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཆེད་ཕུལ་བའི་ལེགས་སྐྱེས་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་རེད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དུས་རབས་གསར་པའི་ཀྲུང་སེར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རེ་བ་ཆེན་པོ་བཅོལ་བའང་མཚོན་ཡོད། ཀྲུང་སེར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ནི་ཁྲག་དང་མེ་ལྕེའི་ཞུན་བརྡར་བརྒྱུད་མྱོང་བ་ཞིག་ཡིན་པས་མིག་སྔའི་རྒྱལ་སྤྱིའི་དུས་བབ་ཁྲོད་དེ་བས་རྩ་ཆེ་བར་མངོན་གྱི་ཡོད། ཀྲུང་གོ་དང་སེར་པི་ཡའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་རང་བཙན་རང་བདག་དོན་གཉེར་དང་། བློ་བརྟན་འགྱུར་མེད་ངང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ངང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ཚེ་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་ཐོབ་ངེས་རེད།

    དེ་རྗེས། ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་ཅན་ལ་བསྩལ་བའི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བྱས་རྗེས་རྟགས་མ་གནང་བའི་བཀའ་རྒྱ》སྒྲོག་སྦྱངས་གནང་།

    གུས་དམག་གིས“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཚོགས་རར་སྲུང་སྐྱེལ་བྱས།

    བརྗིད་ཉམས་ཆེ་བའི་རོལ་དབྱངས་ཀྱི་ཁྲོད། ཞི་ཅིན་ཕིང་གིས་སྒམ་ནན་ངང་ཝུའུ་ཆི་ཆིར་བྱས་རྗེས་གཟེངས་རྟགས་སྒྲོན་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བྱམས་བརྩེའི་ངང་ཕྱག་བཏང་གནང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

    དམག་མིའི་རོལ་ཆ་ཚོགས་པས་སེར་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ།

    ཝུའུ་ཆི་ཆི་ཡིས་ཐུགས་རྗེ་ཆེ་ཞུ་བའི་ཤིས་ཚིག་བསྒྲོན་ཞིང་། ཝུའུ་ཆི་ཆིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ང་ལ“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”བསྩལ་བར་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ངས་སེར་པི་ཡའི་རྒྱལ་ཁབ་དང་མི་དམངས་ཀྱི་ཚབ་ཞུས་ནས་བྱས་རྗེས་གཟེངས་རྟགས་འདི་དང་ལེན་ཡང་ཞུ་གི་ཡིན། འདི་ནི་ངའི་མི་ཚེའི་དུས་སྐབས་གལ་ཆེ་ཤོས་ཤིག་དང་བྱས་རྗེས་གཟེངས་རྟགས་འདི་ནི་ང་རང་མི་སྒེར་གྱི་བླ་ན་མེད་པའི་གཟི་བརྗིད་ཡིན་པ་མ་ཟད། སེར་པི་ཡས་བདག་དབང་དང་། རང་བཙན། འཕེལ་རྒྱས་བཅས་དོན་གཉེར་བྱེད་པར་ཁས་ལེན་གནང་བ་ཞིག་ཀྱང་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆུང་བར་བརྩི་འཇོག་བྱེད་ཀྱི་ཡོད་ཅིང་། དཀའ་ཚེགས་ཆེ་བའི་དུས་སུ་སེར་པི་ཡའི་མི་དམངས་དང་མཉམ་དུ་ལངས་ནས་སེར་པི་ཡའི་ཕྱོགས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་ཀྱི་ཡོད། ང་ཚོས་ཀྲུང་གོའི་རྒྱབ་སྐྱོར་དང་རོགས་རམ་ནམ་ཡང་བརྗེད་མི་སྲིད། ངས་སེར་ཀྲུང་གི་མཛའ་གྲོགས་བྱ་གཞག་ལ་མུ་མཐུད་གཞོལ་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་སེར་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་གི་ཡིན།

    ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་ཅན་ལ་བསྩལ་བའི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུའུ་རེན་གཞོན་པ་ལི་ཀན་ཅེ། ལི་ཧུང་ཀྲུང་། ཝུའུ་ཀྲེང་ལུང་སོགས་མཛད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།