དབུ་ཤོག
  • ལྷ་སར་མཚན་ཁྲོམ་གསར་པ་ཞིག་བཙུགས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-05-26

    སྐུ་འབུམ་ཐང་མཚན་ཁྲོམ་ཟླ་5པའི་ཟླ་མཇུག་ཏུ་སྒོ་ཕྱེ་བ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་གི་བོད་ལྗོངས་སློབ་ཆེན་དཀྱིལ་ལམ་དང་ལྷ་སྡིངས་ལམ་གྱི་འབྲེལ་མཚམས “གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རར”གནས་ཡོད།

    མི་ཚོགས་ཀྱིས་ཁེངས་པའི་སྐུ་འབུམ་ཐང་མཚན་ཁྲོམ། 

    མཚན་ཁྲོམ་གྱི་ཚོང་པས་ཞིམ་ཟས་བཟོ་བཞིན་པ།

    གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་ར་རིམ་སྤོར་བྱེད་པ་དང་བསྟུན་ནས་སྐུ་འབུམ་ཐང་མཚན་ཁྲོམ་གྱིས“ཉིན་མོ་ཞིང་ཟོག་ཉོ་ཚོང་དང་མཚན་མོ་སྤྲོ་སྐྱིད་གླིང”གི་སྣ་མང་གཉེར་སྐྱོང་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་བར་ཁྱད་ལྡན་ཞིམ་ཟས་དང་། དར་སོའི་སྤྲོ་གསེང་། དམངས་སྲོལ་སྤེལ་རེས། དམངས་ཕན་ཞབས་ཞུ་བཅས་གཅིག་ཏུ་བསྡུས་ཡོད། ད་ཐེངས་ཀྱི་མཚན་ཁྲོམ་གཉེར་སྐྱོང་དུས་འཁོར་ཟླ་10ཚེས་30ཉིན་བར་ཡིན་པ་དང་ཉིན་རེའི་གཉེར་སྐྱོང་དུས་ཚོད་ནི་ཕྱི་དྲོའི་ཆུ་ཚོད་དྲུག་པ་ནས་དགོང་མོའི་ཆུ་ཚོད་གཉིས་པའི་བར་ཡིན་པ་རེད། 

    གྲོང་མི་དང་ཡུལ་སྐོར་བས་ཞིམ་ཟས་ཉོ་བཞིན་པ།

    མཚན་ཁྲོམ་གྱི་ཚོང་པས་ཞིམ་ཟས་བཟོ་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།