དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།

    དངོས་བཤེར་དང་དག་ཐེར་ཏན་ཏིག་བྱེད་པར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-26

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། དངོས་བཤེར་དང་དག་ཐེར་ཏན་ཏིག་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་དངོས་སྒྲུབ་དང་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བསློགས་ཡོད།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ།

    ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་དངོས་བཤེར་དང་དག་ཐེར་ཏན་ཏིག་བྱས་པ་དང་ཆབས་ཅིག གནད་དོན་གྱི་གསལ་ཐོ་དག་སེལ་ལམ་ལུགས་བཙུགས་ཏེ། ཞིབ་བཤེར་དང་དག་ཐེར་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད།

    “ལས་འཛོལ་ཆུང་གྲས་བརྙན་པར་བླངས་ཏེ་འཕྲལ་དུ་ཐག་གཅོད་བྱེད་ཐུབ་པས། ལམ་རྒྱུད་དུ་ཡུན་རིང་སྒུག་མི་དགོས་པ་དང་སྟབས་བདེ་པོ་འདུག”ཅེས་འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་ཀྱི་འགྱུར་ལྡོག་གསར་པའི་སྐོར་གླེང་སྐབས། ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་གྱི་འཁོར་བདག་སྐུ་ཞབས་ཝང་ལགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱས། འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་བྱེད་སྐབས་དུས་ཚོད་མང་པོ་འགོར་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཞུས་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བརྙན་ལམ་ལ་བརྟེན་ནས་དེ་མུར་ཐག་གཅོད་བྱེད་སྟངས་གསར་གཏོད་བྱས་ཡོད།

    སློབ་སྦྱོང་སློབ་གསོའི་ཁྲོད། ཞུས་ཀྲོའུ་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“དུས་བཀག་གསེད་བཀྲོལ་དང་། བབ་བསྟུན་ཁ་གསབ། དུས་ཐོག་གསར་རྗེས”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་གཙོ་གནད་ལས་དོན་གྱི་འཕེལ་རིམ་དང་ཟུང་འབྲེལ་གྱིས་གནད་དོན་བཤེར་འདོན་རྒྱུན་མཐུད་བྱེད་ཟབ་ཏུ་བཏང་ཡོད། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ལ་དམ་འཛིན་དང་གཞི་རིམ་གྱི་འཐབ་ས་དང་པོའི་དཀའ་གནད་སེལ་བ་ནས་འགོ་བཙུགས་ཏེ། དམངས་འཚོའི་མངོན་གསལ་དོད་པོའི་གནད་དོན་སྣ་ཚོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཆུང་ཙག་ནས་འགོ་བཙུགས་ཏེ་དམངས་འཚོའི་འགག་གནད་བསལ་ཡོད།

    ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་གྱིས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་སྐོར་ཞིབ་དང་རྩིས་བཤེར་གྱི་ལན་སྤྲོད་གནད་དོན་དག་ཐེར་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་ཟབ་ཏུ་བཏང་བ་མ་ཟད། དོན་དངོས་དང་ཟུང་འབྲེལ་གྱིས་འཛུགས་སྐྲུན་བྱེད་མཚམས་བཞག་པ་དང་འཛུགས་སྐྲུན་བྱེད་འགོར་བའི་རྣམ་གྲངས་ཐག་གཅོད་བྱེད་པ་སོགས་ཕྱོགས་མང་པོ་ནས་གནད་དོན་བཤེར་འདོན་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ། དུས་བཀག་ལྟར་གནད་དོན་གྱི་གསལ་ཐོ་གསར་རྗེས་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བཤེར་འདོན་བྱས་པའི་གནད་དོན་གྱི་དག་ཐེར་བྱ་ཐབས་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འགན་འཁུར་མཁན། ལེགས་སྒྲུབ་དུས་བཀག་བཅས་རེ་རེ་བཞིན་དུ་ཁ་གསལ་བཟོས་ནས་སྙིང་རུས་ལྷོད་མེད་ངང་དག་ཐེར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ་དང་མཛུབ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག“གོང་འོག་མཉམ་འགུལ་དང་གནད་དོན་གཅིག་པར་ལན་མཉམ་དུ་འདེབས་རྒྱུ”མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་གནད་དོན་དངོས་བཤེར་དང་དག་ཐེར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ་གནད་དོན་གྱི་གསལ་ཐོ་དེ་མང་ཚོགས་ཀྱིས་ཚོར་ཐུབ་པའི་ཕན་འབྲས་ཀྱི་གསལ་ཐོར་འགྱུར་བ་བྱས་ཡོད།

    ཕུཌ་ཕན་ལམ་སྲོལ་བཙུཌ་པ།

    ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“མིག་སྔར་དག་ཐེར”དང“ཡུན་རིང་འཛུགས་སྐྱོང”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལམ་ལུགས་ཀྱི་ཞན་ཆ་བཙལ་བ་དང་སྒྲིག་སྲོལ་དང་ལམ་ལུགས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

    ནང་སོག་རང་སྐྱོང་ལྗོངས་ཐུང་ལེའོ་གྲོང་ཁྱེར་ཧོ་ལིན་ཀུའོ་ལེ་གྲོང་ཁྱེར་གྱི་ཧ་ཡང་སྤུས་དག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭའི་ལས་ཡུལ་དུ་ཨར་སྐྲུན་གྱི་ལས་བྲེལ་ཆེ་ཡང་ཟང་ཟིང་མེད་པར་གོ་རིམ་ལྡན། ཧོ་ལིན་ཀུའོ་ལེ་གྲོང་ཁྱེར་ཧ་ཡང་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་རིམ་སྤོར་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་རྒྱས་སྐྲུན་ལས་གྲྭར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་ཅིང་། སློབ་སྦྱོང་སློབ་གསོའི་ཁྲོད་ཐུང་ལེའོ་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པའི་ལས་གནས་འགྱུར་ལྡོག་གི་རྩིས་སྤྲོད་རྩིས་ལེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་སྟེ། 《འགོ་ཁྲིད་ལས་བྱེད་པ་ལས་བྲལ་གྱི་རྩིས་སྤྲོད་རྩིས་ལེན་བྱ་ཐབས》བཟོས་ཏེ་ཁྱབ་ཁོངས་དབྱེ་ནས་ལས་བྲལ་གྱི་རྩིས་སྤྲོད་རྩིས་ལེན་ལས་དོན་གྱི་གསལ་ཐོ་བཟོས་ཤིང་། ཏང་འཛུགས་སྐྱོང་དང་ལས་བྱེད་པ་དོ་དམ་སོགས་ཀྱི་གལ་ཆེའི་ལས་དོན་དང་དེ་བཞིན་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་དམངས་འཚོའི་དོན་དངོས་སོགས་ཀྱི་གཙོ་གནད་ལས་འགན་ཁ་གསལ་བཟོས་ནས། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་དང་། སྲིད་འཛིན་གྱི་ལས་འགན་གཙོ་བོ་འཁུར་མཁན། ཁེ་ལས་དང་བྱ་གཞག་ཚན་པའི་འགོ་ཁྲིད་གཙོ་བོ་བཅས་ཀྱིས་རྩིས་སྤྲོད་དགོས་རིགས་ཚང་མ་རྩིས་སྤྲོད་པ་དང་ཕྱོགས་ཡོངས་གནད་འཁེལ་ཡོང་བར་སྐུལ་འདེད་བཏང་ཡོད།

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁེ་ཙི་ལེ་སུའུ་ཁེར་ཁེ་ཙི་རང་སྐྱོང་ཀྲོའུ་ཨ་ཐུའུ་ཧྲི་གྲོང་ཁྱེར་དུ་ཨ་ཆི་ཁེ་གྲོང་ཚོའི་གྲོང་མི་ཀུའུ་ལི་ནུར·ཐའེ་ཝེ་ཁུའུ་ལི་ཡི་གྲོང་ཁུལ་དུ་ཡོད་པའི་ཁང་པ་གསར་པའི་ནང་སྐྱོད་སྐབས་འཚོ་བའི་མཁོ་ཆས་གང་དགོས་ཅི་འཛོམས་ཡོད་ཅིང་། ཁོང་གིས“བདེ་སྡོད་ཁུལ་ཆུང་གི་བོགས་གཏོང་གཞུང་ཁང་རེ་ཞུ་བྱས་ནས་རག་རྗེས་ངེད་བཟའ་ཟླ་གཉིས་ཉིན་ལྟར་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་ཀྱི་མི་འདུག”ཅེས་བཤད།

    སློབ་སྦྱོང་སློབ་གསོའི་ཁྲོད་ཁེ་ཀྲོའུ་ཏང་ཨུད་ཀྱིས་བོགས་གཏོང་གཞུང་ཁང་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱེད་འགོ་བཙུགས་ནས“མིག་སྔར་དག་ཐེར”དང“ཡུན་རིང་འཛུགས་སྐྱོང”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགན་ནུས་སྡེ་ཚན་ལ་བོགས་གཏོང་གཞུང་ཁང་རེ་ཞུ་དང་བགོ་བཤའ་རྒྱག་པ་སོགས་ཀྱི་ལྷུ་ཚིགས་ལ་ཞིབ་བཤེར་ནན་པོ་བྱེད་དགོས་པའི་ལྕག་སྐུལ་བྱས་ཏེ། གནད་དོན་ཡོད་པའི་དུད་ཚང་དུས་ཐོག་ཏུ་གྲལ་བཤེར་གྱིས་སྒྲིག་འགལ་ཁང་པར་ཞིབ་བཤེར་བྱས་ནས་ཕྱིར་སློག་བྱེད་དུ་བཅུག་ཡོད།

    དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་དམ་བཅའ་བཞག་པ།

    ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཡོན་ལས་བྱེད་པ་ཚོར་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ་བློ་ལ་བརྟན་པོར་ངེས་ནས། དམངས་འཚོར་ཕན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཚོས་འགྱུར་ལྡོག་མཐོང་ཐུབ་པ་དང་དངོས་ཕན་ཐོབ་ཐབས་བྱས་ཡོད།

    ཞོགས་པའི་དུ་སྨུག་ཡོངས་སུ་མ་སངས་གོང་། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་གྲོང་མི་ཀྲུའུ་ཧན་རུང་དང་ཁོང་གི་གྲོགས་པོ་ཚོ་རི་འཛེག་པར་བསྐྱོད། “རི་སྟེང་དུ་རྡོ་གཡམ་བཏིང་བའི་ལམ་དང་སྣུམ་ནག་ལམ་ཡོད་པས་འགྲོ་བདེ་ལ་བདེ་འཇགས་ཆེ། རི་རྩེར་འཛེགས་ནས་དྭངས་ཤིང་གཙང་བའི་ཆུ་བོ་དང་སྔོ་ལྗང་གི་རི་བོ་དག་ལ་བལྟས་ན་ཡིད་སེམས་སྐྱིད་ལ་བག་ཕེབས་པར་འགྱུར”ཞེས་ཀྲུའུ་ཧན་རུང་གིས་བཤད།

    སློབ་སྦྱོང་སློབ་གསོའི་ཁྲོད། ཤང་དབྱང་གྲོང་ཁྱེར་གྱིས་སྒོ་དབྱེའི་སློབ་གསོ་མཐའ་འཁྱོངས་བྱས་ཐོག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འཐབ་ས་དང་པོར་བསྐྱོད་ནས་བསམ་འཆར་བསྡུ་ལེན་དང་། གནས་ཚུལ་ངོ་མ་རྒྱུས་ལོན། དཀའ་གནད་སེལ་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་ཆུ་འགོ་ཚབ་བྱེད་ལས་གྲྭ་དང་། གནའ་གྲོང་གི“གྱང་བཤིག་ར་སྒྲིལ”ལས་གྲྭ ཤན་ཧྲན་རི་བོའི་ལྗང་ལམ་ཁོར་ཡུག་བཅོས་སྒྲིག་སོགས་དམངས་འཚོའི་དོན་དངོས་ཁག་གཅིག་སྣེ་ཁྲིད་དེ་བསྒྲུབ་པར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱས་ཡོད།

    “ཡུན་རིང་རེ་སྒུག་བྱས་མཐར་བགྲོད་ལམ་འདི་གཞི་ནས་ཤར་གཏོང་ཐུབ་སོང”ཧྲན་ཏུང་ཞིང་ཆེན་ཅི་ནན་མཐོ་གསར་ཁུལ་གྱི་ཆོན་ཞུའེ་ལིའི་ནུབ་ངོས་འཆར་འགོད་ལམ་གྱི་ལྷོ་སྣེའི་ཨར་ལས་བྱ་ཡུལ་དུ། གྲོང་མི་ཀྲང་ལགས་ཀྱིས་འདིང་བཞིན་པའི་ལམ་ངོས་ལ་ལྟ་བཞིན་དགའ་སྤྲོའི་འཛུམ་མདངས་འཕྱུར། སློབ་སྦྱོང་སློབ་གསོ་སྤེལ་ཚུན་ཅི་ནན་གྲོང་ཁྱེར་གྱིས་རྩིས་བཤེར་ལྟ་སྐུལ་དང་། ཡིག་འབུལ་ཞུ་བཅར་གནས་ཚུལ་ལ་ལྟ་བ། བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ཐབས་ལམ་བརྒྱུད། སྲིད་དོན་ལས་རྗེས་ལྟ་བའི་ཐད་ལྷག་པའི་གནད་དོན་ཕྱོགས་ཡོངས་ནས་བཙལ་བ་རེད། ཅི་ནན་མཐོ་གསར་ཁུལ་གྱིས་འབྲེལ་ཡོད་ཕྱོགས་ཀྱི་ཐད་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་ཉན་ནས“སྣེ་ཆད་གཞུང་ལམ”དེ་གཙོ་གནད་འགག་སྒྲོལ་དོན་ཚན་ནང་བཅུག་པ་དང་ཆབས་ཅིག ཕྱོགས་མང་མཐུན་སྦྱོར་བྱས་ནས་ས་ཁོངས་སྒྲོལ་བའི་མཐུན་སྦྱོར་དང་ས་ཆ་གཞུང་བསྡུའི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་བ་རེད།

    “ཁེ་ལས་སུ་བཅའ་སྡོད་ཏང་ཡོན་གྱིས་མཐུན་སྦྱོར་བྱས་ནས་འབྲེལ་ཡོད་དོན་ཚན་སྒྲུབ་རོགས་བྱས་པས་རྣམ་གྲངས་དེ་ཟླ་4ཡི་སྔ་སྣུར་དུ་ལས་འགོ་ཚུགས་སོང”ཞེས་ཀྲེ་ཅང་ཅིན་ཧའེ་དབན་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རེན་ཝུའེ་ཏུང་གིས་བཤད། ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་ཧྲང་ཡུས་ཆུས་ཀྱིས་ཏང་ཡོན་ལས་བྱེད་པ་བདམས་ནས་ལས་ཚབ་པའི་འགན་འཁུར་དུ་བཅུག་སྟེ། “ཡུལ་དངོས་ནས་ཤེས་རྟོགས་དང་། རྗེས་འདེད་སྒྲུབ་གཉེར། གདུབ་ཟུམ་འཚམས་ལན”བཅས་ཀྱི་ཕུགས་ཕན་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་དངོས་འབྲེལ་ཐག་གཅོད་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།