མཚོ་སྔོན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྐྱེ་ཁམས་སྔོན་འཇོག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུ་ཡིན་པ།

ཟླ་5ཚེས་20ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཟི་ལིང་དུ“‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་འཛུགས་པའི་མཚོ་སྔོན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོག་བཞིན་པ།
གསར་འགོད་པར་ཚེས་20ཉིན་འཚོགས་པའི“‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་འཛུགས་པའི་མཚོ་སྔོན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི”ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མཚོ་སྔོན་གྱིས་ཚད་གཞི་དེ་བས་མཐོ་པོས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་སྐྱེ་ཁམས་སྔོན་འཇོག་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུ་རེད།
མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས། “ལོ་ལྔ་ཚན་བཅོ་ལྔ་པ”ནི་མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བའི་འགག་རྩའི་དུས་སྐབས་ཤིག་རེད། མཚོ་སྔོན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས“སྐྱེ་ཁམས་སྔོན་འཇོག་མཐའ་འཁྱོངས”བྱ་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་རྩ་དོན་གལ་ཆེན་ནང་བཅུག་པ་མ་ཟད། “ཚད་གཞི་དེ་བས་མཐོ་པོས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ”དེ་གྲུབ་ཆའི་ནང་དོན་གྱི་འཐབ་ཇུས་ལས་འགན་ཨང་དང་པོར་བརྩིས་ཤིང་། དེའི་དམིགས་ཡུལ་ནི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་ཆེད་རེད་ཅེས་ངོ་སྤྲོད་བྱས་པ་རེད།
འབྱུང་འགྱུར་ལོ་ལྔའི་རིང་། མཚོ་སྔོན་གྱིས་ལྟེ་བའི་ལས་འགན་ཆེན་པོ་གསུམ་ལ་དམིགས་ནས་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ཐད། མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་སྲུང་སྐྱོང་གི་རྒྱབ་སྐྱོར་མ་ལག་ལག་ལེན་ཧུར་ཐག་བསྟར་ནས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོ་པོས་ཡག་པོ་བསྐྲུན་རྒྱུ་དང་། མདོ་ལ་རིང་མོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཁོར་ཡུག་བཟང་པོ་ཡག་པོ་སྲུང་རྒྱུ་བཅས་རེད།
རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་ཐད། མཚོ་སྔོན་གྱིས“ནུས་རྒྱུ་གཙང་མ+”ཡི་ཐོན་ལས་རྒྱ་སྟོབས་ཆེ་རུ་ཧུར་ཐག་བཏང་ནས་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཡག་པོ་བསྐྲུན་རྒྱུ་མ་ཟད། ད་དུང་སྐྱེ་ཁམས་ཀྱི་ཐོན་རྫས་རིན་ཐང་གི་མངོན་འགྱུར་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ལེགས་ཆ། དམངས་འཚོའི་བདེ་རྩ་བཅས་སུ་སྔར་བས་ལེགས་པའི་ངང་བསྒྱུར་རྒྱུ་རེད།
བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་རྒྱུའི་ཐད། མཚོ་སྔོན་གྱིས་ཁྲིམས་སྐྱོང་དང་ཚན་རྩལ་གཉིས་ཀྱི་སྒུལ་ཤུགས་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ས་གནས་ཀྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་རྒྱུ་དང་འབྲེལ། མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གྲངས་རིག་ཅན་གྱི་བཅོས་སྐྱོང་མ་ལག་མགྱོགས་མྱུར་བཏོད་དེ་སྐྱེ་ཁམས་སྲུང་སྐྱོང་ཁྲོད“མི་ཐབས་རིག་ནུས+”སྤྱོད་ཤུགས་ཆེ་རུ་བཏང་ནས། དེང་རབས་ཅན་གྱི་བཅོས་སྐྱོང་ནུས་པས་ས་མཐོའི་ས་གཙང་ཡག་པོ་སྲུང་རྒྱུ་རེད།
སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་ནི་མཚོ་སྔོན་འཕེལ་རྒྱས་འགྲོ་བའི་གདེང་ཚོད་ཆེ་ཤོས་དེ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་རྒྱལ་ཁབ་སྤྱི་གླིང་གསུམ་སྐྲུན་བཞིན་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་པ་མ་ཟད། རྒྱལ་ཁབ་ཀྱི་ས་ངོས་ཆུའི་དཔྱད་ཞིབ་བཅད་ཁའི་ཆུ་སྤུས་ལེགས་ཚད་ལོ་ལྔ་བསྟུད་མར་100%རྒྱུན་འཁྱོངས་བྱེད་ཐུབ་པའི་ཞིང་ཆེན་འབའ་ཞིག་ཀྱང་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་མཚོ་སྔོན་དུ་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་2800ལྷག་ཙམ་མང་དུ་ཕྱིན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཀྱང་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད་པ་རེད།
“ང་ཚོས་མཚོ་སྔོན་གྱི་རྩྭ་རྩི་ཤིང་ཐམས་ཅད་སེམས་ནུས་ཡོད་རྒུས་ཡག་པོ་སྲུང་རྒྱུ་ཡིན”ཞེས་ལུའོ་ཏུང་ཁྲོན་གྱིས་བརྗོད་པ་དང་། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་སྐབས་མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འཕེལ་རིམ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།