དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ་ལྕོག་གཟུགས་ཉི་དྲོད་གློག་གཏོང་རྣམ་གྲངས་ཀྱི་འོད་ལེབ་འབོར་ཆེན་ཐོན་སྐྱེད་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-26

    ཟླ་5ཚེས་20ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་འོད་ཤུགས་ཚ་འོད་གླིང་གི་ཁེ་ཧྲེང་ལག་རྩལ་གོར་མོའི་350MWལྕོག་གཟུགས་ཉི་དྲོད་གློག་གཏོང་རྣམ་གྲངས་དེ་མཚམས་ཚིགས་གལ་ཆེན་དུ་སླེབས་པ་སྟེ། འོད་ལེབ་ཀྱི་ལེ་ལག་ཐོག་མ་བདེ་བླག་ངང་སྒྲིག་སྦྱོར་ཐུབ་ནས་སྤྱོད་འགོ་ཚུགས་ཡོད། དེ་ཐོག་ནས་གོ་ལ་ཧྲིལ་པོའི་འཕྲུལ་ཆས་རྐྱང་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ལྕོག་གཟུགས་ཉི་དྲོད་གློག་གཏོང་རྣམ་གྲངས་དེ་ཤེལ་ལེབ་སྒྲིག་ཆས་འབོར་ཆེན་ཐོན་སྐྱེད་དང་སྒྲིག་སྦྱོར་བྱེད་པའི་དུས་མཚམས་སུ་ཕྱོགས་ཡོངས་ནས་སླེབས་ཏེ་རྣམ་གྲངས་དུས་བཀག་ལྟར་གློག་དྲ་སྦྲེལ་ནས་གློག་གཏོང་བར་རྨང་གཞི་བཏིང་བ་མཚོན་པ་རེད།

    རྣམ་གྲངས་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེའི་འོད་ལེབ་ཀྱི་འགག་རྩའི་སྒྲིག་ཆས་རང་འགུལ་ཅན་གྱི་ཐོན་སྐྱེད་ཐུབ་ཡོད། ལྡོག་འཕྲོའི་འོད་ལེབ་དང་། ཚ་ལའི་ལྷུ་ལག གློག་བཀོད་གཏོང་ལྷུ་ལག་སོགས་ལྟེ་བའི་ལྷུ་ལག་ཚང་མ་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་དང་དེ་བཞིན་ཆེད་སྤྱོད་སྒྲིག་སྦྱོར་ལ་བརྟེན་ནས་ལས་སྣོན་ཐུབ་སྟེ། འབྱུང་རྩ་ནས་ཐོན་རྫས་འབོར་ཆེན་གྱི་སྤུས་ཚད་གཅིག་མཐུན་ཡོང་བའི་འགན་ལེན་ཐུབ་ཡོད་པ་རེད།

    ཤེལ་ལེབ་སྒྲིག་སྦྱོར་གྱི་ལྷུ་ཚིགས་སུ་འཁོར་ཁང་དུ་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་དང་ཆེད་སྤྱོད་སྒྲིག་སྦྱོར་བྱས་པ་དང་འབྲེལ་དྲ་ཐོག་ཞིབ་དཔྱད་ཚད་ལེན་མ་ལག་ཀྱང་སྒྲིག་སྦྱོར་བྱས་ཡོད་པ་རེད། མ་ལག་དེར་ཁེ་ལས་ཀྱིས་རང་བརྟེན་གསར་སྤེལ་བྱས་པའི་གྲངས་འཛིན་པར་ལེན་ཚད་འཇལ་ལག་རྩལ་སྤྱད་པས། ཤེལ་ལེབ་སྒྲིག་སྦྱོར་ངོས་ལ་ཞིབ་ཚད་མཐོ་བའི་རང་འགུལ་ཅན་གྱི་ཞིབ་དཔྱད་ཚད་ལེན་ཐུབ་ནས་འོད་ལེབ་ཚང་མའི་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།