དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་མཐོར་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-26

    ཟླ་5ཚེས་21ཉིན། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་བོད་སྐྱོར་སྨན་པ་ལི་ཞང(གཡས)གིས་སློབ་མ་ཁྲིད་དེ་ནད་བརྟག་སྨན་བཅོས་བྱེད་བཞིན་པ།

    བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བོད་སྐྱོར་སྨན་པས་རང་ཉིད་ཀྱི་སློབ་མ་ཁྲིད་དེ་གཤགས་བཅོས་ཁང་དང་ནད་བརྟག་ཁང་དུ་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་ཡོད། ལ་ལས་སྐྱ་འགྲིབ་གཤགས་བཅོས་བྱེད་པའམ་ཡང་ན་ཚན་ཁག་གི་སྨན་པར་ནད་དཔེ་དབྱེ་ཞིབ་བྱེད་པ་དང་། ལ་ལས་ནད་པར་ཀྲུང་ལུགས་གསོ་རིག་ལ་བརྟེན་ནས་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད། 2015ལོ་ནས་2025ལོའི་ལོ་མཇུག་བར་ཁག་ཐེངས་11གི་མི་ཐེངས་2417གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་རིགས་གཅིག་མཁས་ཅན་གངས་ལྗོངས་ས་མཐོར་འབྱོར་ཡོད། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་ཐོབ་པའི་སྨན་ཁང་དབར་རོགས་ཁྲིད་གྲོས་མཐུན་བཞག་ནས“ཚོགས་པས་ཚོགས་པའི་སྣེ་ཁྲིད་པ”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ” “དགེ་རྒན་གྱིས་སློབ་མའི་སྣེ་ཁྲིད་པ”བཅས་ཀྱི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི“བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་བཏོན་ཡོད།

    2025ལོའི་ལོ་མཇུག་ཏུ་སླེབས་སྐབས། རོགས་སྐྱོར་བྱེད་མཁན་སྨན་ཁང་གིས་སྨན་བཅོས་རོགས་སྐྱོར་ཚོགས་པ་2039ལ་རོགས་ཁྲིད་བྱས་པ་དང་ས་གནས་དེ་གའི་སྨན་དོན་མི་སྣ་5416གསོ་སྐྱོང་བྱས་པ། རོགས་སྐྱོར་ཐོབ་པའི་སྨན་ཁང་གིས་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་ཁྲི་13.6བྱས་པ། སྨན་བཅོས་ཀྱི་སྟོང་ཆ་2806བསྐངས་བ་བཅས་རེད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་བྱམས་སྐྱོང་དང་རྩེར་སོན་ལག་རྩལ་ལ་བརྟེན་ནས་ས་མཐོའི་བདེ་ཐང་སྲུང་བ་དང་ས་མཐོར“ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་གསོ་སྐྱོང་དང་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་གངས་ལྗོངས་ས་མཐོར་ཁྱབ་པར་བྱས་ནས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།