ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་ཁྲི་2.7ཟིན་པ།
ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་ཁྲི་2.7ཟིན་པ་དེ་དུས་མཚུངས་ལས་25.2%འཕར་ནས་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་16.8%བཟུང་སྟེ། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
མིག་སྔར་རང་རྒྱལ་དུ་དམིགས་བསལ་ས་ཁོངས་174ཡོད་པའི་ནང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་168དང་། ཁྲལ་སྲུང་ཁུལ་4(ཧྲང་ཧའེ་ཝའེ་ཀའོ་ཆའོ་དང་། ཏ་ལེན། ཉིང་པོའོ། ཕུའུ་ཐན་བཅས་ཀྱི་ཁྲལ་སྲུང་ཁུལ)རྒྱལ་སྒྲོལ་བཟོ་ལས་ཁུལ་1(ཀྲུའུ་ཨའོ་རྒྱལ་སྒྲོལ་བཟོ་ལས་ཁུལ་ཀྲུའུ་ཧའེ་གླིང་ཁུལ)ཁྲལ་སྲུང་གྲུ་ཁ་1(དབྱང་ཕུའུ་ཁྲལ་སྲུང་གྲུ་ཁ་ཁུལ)བཅས་ཡོད་པ་རེད།
མི་རིང་བའི་གོང་། 《ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ནུས་པ་ཆེར་གཏོང་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཏོན་ནས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཐོན་ལས་རྣམ་པ་དེ་སྲོལ་རྒྱུན་གྱི་ལས་སྣོན་དང་ཟོག་འགྲེམས་ནས་སྣ་མང་ཅན་དང་རྩེར་སོན་ཅན་གྱི་ཐོན་སྐྱེད་དང་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་ངེས་གནས་དེ་སྲོལ་རྒྱུན་གྱི“གཉིས་ཀ་ཕྱི་རྒྱལ་དུ་ཡོད་པ”ནས་རྒྱལ་ནང་དང་རྒྱལ་སྤྱིར་ཞབས་འདེགས་ཞུ་བའི་འཁོར་རྒྱུག་གཉིས་ཀྱི་ཕྱོགས་སུ་བསྒྱུར་ཡོད།
འབྲེལ་ཡོད་གསར་འགྱུར།