དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཀྲུང་གོའི་སྒྲ་སྙན་ཞབས་བྲོ《བཀྲ་ཤིས་ཞབས་བྲོའི》ཆེད་དོན་འཁྲབ་སྟོན་ཐོག་མ་ལྷ་སར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-26

    ཟླ་5ཚེས་24ཉིན་གྱི་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་དང་མི་རྣམས་ཀྱིས་དགའ་སྤྲོའི་གླུ་དབྱངས་ལེན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་མཚམས་ཀྱི་ཟླ་5ཚེས་23ཉིན་གྱི་དགོང་མོར། རང་རྒྱལ་གྱི་སྒྲ་སྙན་ཞབས་བྲོ《བཀྲ་ཤིས་ཞབས་བྲོ》བོད་ཀྱི་ཟློས་གར་ཁང་ཆེ་མོར་ཆེད་དོན་འཁྲབ་སྟོན་ཐོག་མ་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུས་ཀྲེ་ཝུན་དང་། ཀྲང་ཧུང་པོ། ལིའུ་པོ་ཁྲེང་། སུན་ཞན་ཀྲུང་། ཕུན་ཚོགས་བསྟན་འཛིན། ཟླ་བ་དངོས་གྲུབ། ལིའུ་ཀྲི་ཅུན་བཅས་ཕེབས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་གཟིགས་པ་རེད།

    ཟློས་གར་དེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་བཅས་ཀྱིས་མཉམ་དུ་བཏོན་པ་ཞིག་ཡིན་པ་དང་ད་ལོའི་ཟླ་3ཚེས་28ཉིན་པེ་ཅིང་གི་ཀྲུང་དབྱང་གླུ་གར་ཁང་དུ་གྲུབ་འབྲས་ཐོབ་པའི་ངང་འཁྲབ་སྟོན་ཐོག་མ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་དེས་གོམ་སྟབས་རྗེས་མར་རྒྱལ་ནང་གི་ས་ཆ་མང་པོར་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་དུས་མཚུངས་རིག་གནས་སྤེལ་རེས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། རྒྱལ་སྤྱིའི་གར་སྟེགས་ཐོག་ཧུར་ཐག་བསྐྱོད་དེ་དུས་རབས་གསར་པའི་བོད་ཀྱི་རིག་གནས་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།