དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར་སྟོང་ལས་བརྒལ་བ་བཏང་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-26

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་མཚམས་འདིར། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ས་མཐོའི་དངུལ་རྩས་མཐའ་སྲུང་ལ་ལེགས་སྐྱེས་ཕུལ་བ་སྟེ། དངུལ་ཁང་དེས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། དངུལ་བུན་གཏོང་བའི་གཞི་ཁྱོན་སྒོར་དུང་ཕྱུར་359.55འཕར་བ་དེ་དུས་མཚུངས་ལས་80.86%འཕར་ཏེ་དངུལ་བུན་གཏོང་བའི་སྤྱི་འབོར་སྒོར་དུང་ཕྱུར་སྟོང་ལས་བརྒལ་བ་དང་། ལྗང་མདོག་དངུལ་རྩའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་370ལས་བརྒལ་བ་དང་། ཀུན་ཕན་དངུལ་རྩའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་56.4ཟིན་ནས་རིམ་རྩིས་བརྒྱབ་ན་ལྗོངས་ནང་ཁུལ་གྱི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ལས་གྲྭ་འཛུགས་སྐྲུན་ལ་ཡིད་རྟོན་སྒོར་དུང་ཕྱུར་465ལས་བརྒལ་ཏེ། དངུལ་རྩར་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་རྒྱུན་ཆད་མེད་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།