དབུ་ཤོག
  • འབྲས་བཀྲུས་པའི་ཁུ་བ་ལམ་སེང་མ་གཤོས། སྤྱོད་གོ་མང་པོ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-05-25

    གྱོན་གོས་གཙང་མ་དག་པ། 

    གྱོན་གོས་འཁྲུད་སྐབས་འབྲས་ཁུའི་ནང་སྐར་མ་10ཙམ་སྦངས་རྗེས་དག་རྫས་བརྒྱབ་སྟེ་བཀྲུས་ན་གཙང་མ་དག་གི་ཡོད། ལྷག་པར་དུ་གྱོན་གོས་དཀར་པོའི་རིགས་ལ་ནུས་པ་མངོན་གསལ་དོད་པོ་ཡོད། 

    ཨ་ཅོར་གྱི་དྲི་ངན་སེལ་བ། 

    ཨ་ཅོར་ལ་ཤིང་འབྲས་ཀྱི་ཁུ་བ་སོགས་འགོས་པ་དང་། རྔུལ་དྲི་ཁ་བ། ཡུན་རིང་བེད་སྤྱོད་བཏང་བས་མཁྲེགས་པོ་ཆགས་ཚེ། འབྲས་ཁུའི་ནང་རླངས་བཙོས་སྐར་མ་10ཙམ་བརྒྱབ་ན་ཨ་ཅོར་གཙང་མ་དང་མཉེན་པོ་ཆགས་པ་མ་ཟད་ད་དུང་དྲི་ངན་སེལ་ཐུབ།

    དཀར་ཡོལ་དང་སྡེར་མའི་དྲེད་པ་དག་པ།  

    འབྲས་ཁུར་རྫས་འགྱུར་འདུས་མེད་ནའང་དྲེག་པ་དག་ཐུབ་པས། དཀར་ཡོལ་དང་སྡེར་མའི་རིགས་བཀྲུས་ན་གཟུགས་པོར་གནོད་མི་སྲིད།

    ཤ་རྩི་དཀར་པོ་ཆགས་པ།   

    དགོང་ཞོགས་གཉིས་ལ་འབྲས་ཁུས་ངོ་གདོང་བཀྲུས་ན་ཤ་རྩི་དཀར་པོ་ཆགས་པ་མ་ཟད་འཇམ་པོ་ཆགས་ཀྱི་ཡོད། 

    བཀྲག་རྩིའི་དྲི་ངན་སེལ་བ།

    བཀྲག་རྩི་བྱུགས་མ་ཐག་པའི་ཁྱིམ་ཆས་ལ་དྲི་མ་ངར་པོ་ཡོད། དེས་ན། ཕྱིས་རས་འབྲས་ཁུའི་ནང་སྦངས་ཏེ་ཕྱིས་བདར་བརྒྱབ་པ་དང་དེ་ནས་གཙང་ཕྱིས་བརྒྱབ་ན་དྲི་ངན་སེལ་ཐུབ། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།