དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིག་ནུས་གནམ་གཤིས་ས་ཚིགས་ཁག་29ཡི་ལས་སྒོ་ཚོད་ལྟའི་ངང་གཉེར་འགོ་ཚུཌ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-25

    གསར་འགོད་པར་ཀྲུང་གོ་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། པེ་ཅིང་སྨི་ཡུན་སོགས་རིག་ནུས་གནམ་གཤིས་ས་ཚིགས་ཁག་29ཡི་ལས་སྒོ་ཚོད་ལྟའི་ངང་གཉེར་འགོ་ཚུགས་པ་དེ་ཐོག་ནས་རང་རྒྱལ་གྱི་ས་ངོས་གནམ་གཤིས་ལྟ་དཔྱད་ཚད་འཇལ་རིམ་བཞིན་རིག་ནུས་ཅན་གྱི་ཕྱོགས་སུ་སྒྱུར་བ་མཚོན་པ་དང་། དེས་གནམ་གཤིས་གནད་སྨིན་སྔོན་དཔག་དང་། གནོད་འཚེ་སྔོན་འགོག གནམ་གཤིས་ཞིབ་འཇུག་བཅས་ལ་དེ་བས་གནད་སྨིན་དང་ནུས་ཆེའི་རྨང་གཞིའི་གྲངས་གཞི་མཁོ་འདོན་ཐུབ་རྒྱུ་རེད།

    རིག་ནུས་གནམ་གཤིས་ས་ཚིགས་ཀྱིས་ཟོག་འབྲེལ་དྲ་རྒྱ་དང་། གྲངས་གཞི་ཆེན་པོ། མི་ཐབས་རིག་ནུས། མུ་འགྲམ་རྩིས་རྒྱག་སོགས་ཀྱི་ལག་རྩལ་གསར་པར་བརྟེན་ཏེ། སྲོལ་རྒྱུན་གྱི་ལྟ་དཔྱད་ཚད་འཇལ་ས་ཚིགས་ལ་བརྒྱུད་རིམ་རང་བཞིན་གྱི་རིམ་སྤོར་བྱས་ནས། གྲངས་གཞི་འཚོལ་བསྡུ་དང་། རིག་ནུས་ཐག་གཅོད། དུས་ཐོག་བརྒྱུད་འདྲེན། ལས་སྒོའི་བཀོལ་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ལྟ་དཔྱད་ཚད་འཇལ་མ་ལག་བསྐྲུན་རྒྱུ་རེད།

    ད་ཐེངས་ཀྱི་རིག་ནུས་གནམ་གཤིས་ས་ཚིགས་སྐྲུན་དུས་ཚད་ལྡན་གནམ་གཤིས་ས་ཚིགས་སྔོན་ལ་བདམས་ནས་ཚོད་ལྟ་བྱས་ཤིང་། དེས་རྒྱལ་ཡོངས་ཀྱི་ས་ཚིགས་རིམ་སྤོར་ལ་དཔྱད་གཞི་འཛིན་ཆོག་པའི་ཉམས་མྱོང་མཁོ་འདོན་བྱ་རྒྱུ་རེད། ཀྲུང་གོ་གནམ་གཤིས་ཅུས་ཀྱིས“ས་ཚིགས་གཅིག་ལ་བྱེད་ཐབས་གཅིག”མཐའ་འཁྱོངས་བྱས་ཏེ་རིག་ནུས་གནམ་གཤིས་ས་ཚིགས་འཛུགས་སྐྲུན་བྱས་ནས། ལས་རིམ་ཧྲིལ་པོའི་རིག་ནུས་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གྲངས་གཞི་མཉམ་སྤྱོད་ལས་སྟེགས་དང་རྩིས་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་སྦྲགས། ལས་སྒོའི་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ལག་རྩལ་གསར་པའི་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་གཅིག་གྱུར་གྱི་ལག་རྩལ་ཚད་གཞི་དང་ལས་སྒོའི་ཚད་གཞི་བཟོས་ཏེ། ཁོངས་གཏོགས་ཁག་དབར་གྱི་ཕན་ཚུན་སྦྲེལ་མཐུད་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།