དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི“ཞབས་ཞུའི་ཁུལ་དང་དམའ་དབྱིངས”ཟུང་འབྲེལ་གྱི་མཉམ་སྤྱོད་ཞབས་འདེགས་ཞུ་སྟངས་དོན་ཐོག་ཏུ་འཁྱོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ལྗང་མདོག་ཐོན་ལས་ཚད་ཡོད་ཀུང་སིས་G6ཅིང་བོད་མྱུར་བགྲོད་གཞུང་ལམ་མཚོ་སྔོན་ཧྭ་ཧའེ་ཞབས་ཞུའི་ཁུལ་དུ་མི་མེད་གནམ་གྲུའི་ཞབས་ཞུའི་རྣམ་གྲངས་མཉམ་དུ་ལག་ལེན་བསྟར་བ་དེ་ཐོག་ནས། མཚོ་སྔོན་གྱི“ཞབས་ཞུའི་ཁུལ་དང་དམའ་དབྱིངས”ཟུང་འབྲེལ་གྱི་མཉམ་སྤྱོད་ཞབས་ཞུ་ཚོད་གཉེར་གྱི་་དུས་མཚམས་སུ་སླེབས་པ་མཚོན་པ་དང་། དེས་ཡུལ་སྐོར་བར་ཚན་རྩལ་གྱི་ཚོར་སྣང་དང་སྤྲོ་སེམས་འཕེལ་བའི་་རིག་ལྡན་ཕྱིར་སྐྱོད་ཉམས་ལེན་གསར་པ་བཏོད་དེ་མཚོ་སྔོན་གྱི་དམའ་དབྱིངས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།

    མཉམ་སྤྱོད་མི་མེད་གནམ་གྲུའི་ཞབས་ཞུའི་རྣམ་གྲངས་དེས་སྟབས་བདེ་དང་། ནུས་ཆེ། བདེ་འཇགས་བཅས་ལྟེ་བར་བྱས་ནས་ཡིད་རྟོན་གཏའ་འཇོག་མི་དགོས་པ་དང་ཨང་རྟགས་བཤེར་ན་ལམ་སེང་སྤྱོད་ཐུབ་པའི་རང་འདེམས་བེད་སྤྱོད་ཀྱི་བྱེད་ཐབས་སྤྱོད་པ་དང་། ས་མཐོའི་དམའ་དབྱིངས་འཕུར་སྐྱོད་ལ་འཚམ་པའི་མི་མེད་གནམ་གྲུ་བཀོད་སྒྲིག་བྱེད་པ། བཀོལ་སྤྱོད་སྟབས་བདེ་བ་དང་། འཕུར་སྐྱོད་བརྟན་པ། པར་རིས་ཁ་གསལ་བ་བཅས་ཡོད་པས་ཡུལ་སྐོར་བའི་མཁའ་དབྱིངས་ནས་པར་ལེན་གྱི་དགོས་མཁོ་སྤྱིར་བཏང་སྐོང་ཐུབ་ལ། པར་ལེན་ལ་དགའ་པོ་བྱེད་མཁན་གྱི་རྨང་གཞིའི་གསར་རྩོམ་ལ་ཡང་འཚམ་པོ་ཡོད་པས་གཞུང་ཕྱོགས་ཀྱི་ཁས་ལེན་དཔང་འདོན་གྱི་འཕུར་སྐྱོད་ཐོབ་ཐང་ལྡན་པའི་ཡུལ་སྐོར་བས་བེད་སྤྱོད་གཏོང་བདེ་པོ་ཡོད། ཞབས་ཞུར་སྒྲིག་སྦྱོར་བྱས་པའི་རིག་ནུས་སྒྲིག་ཆས་ལ་རང་བརྟེན་རིག་ནུས་གྲུ་ཚང་དང་ནུས་ཆེའི་གློག་གསོག་ཆས་ཆུ་ཚོད་24ཡི་རིང་ལས་རེས་བྱེད་མཁན་མི་དགོས་པར་རང་བརྟེན་བེད་སྤྱོད་ཐུབ་པས། སྒྲིག་ཆས་ཉར་འཇོག གློག་གསོག དོ་དམ་ཚོད་འཛིན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལས་སྒྲུབ་པ་མི་དགོས་པ་དང་ཡུལ་སྐོར་བས་ནུས་ཆེ་དང་སྟབས་བདེའི་ངང་སྤྱོད་ཆོག་གི་ཡོད་པ་རེད།

    ཚོད་གཉེར་བྱེད་རིང་། འགྲོ་འོང་བྱེད་མཁན་ཡུལ་སྐོར་བས་མི་མེད་གནམ་གྲུ་གླས་ནས་ཧྭ་ཧའེ་ཞབས་ཞུ་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་དང་མཐའ་འཁོར་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་རྩྭ་ཐང་གི་མཛེས་ལྗོངས་པར་དུ་བླངས་ཏེ། ལྟ་ཕྱོགས་གཞན་ཞིག་ནས་མཚོ་སྔོན་གྱི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ཉམས་མྱོང་རོལ་བྱས་ཏེ་ཡུལ་སྐོར་བྱེད་རིང་ཚན་རྩལ་ཉམས་ལེན་དང་རྩ་ཆེའི་ཡུལ་སྐོར་དྲན་རྟེན་པར་བརྒྱབ་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།