དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞུས་ཀྲི་ཝུན་གྱིས་ཧྲེན་ཀྲེན་རིག་གནས་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-25

    ཟླ་5ཚེས་21ནས་ཚེས་25ཉིན་བར། ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་ཀྱི་ཚོང་འདུས་སྐབས་ཉེར་གཉིས་པ་ཧྲེན་ཀྲེན་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་བོད་ལྗོངས་འགྲེམས་ཁང་དུ་བརྟག་ཞིབ་དང་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་བ་རེད།

    ཞུས་ཀྲི་ཝུན་བོད་ལྗོངས་འགྲེམས་ཁང་གི་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་རིང་། འགྲེམས་ཁུལ་ཁག་སོ་སོའི་འགན་འཁུར་བློ་མཐུན་དང་སྤེལ་རེས་གནང་བ་མ་ཟད། འགྲེམས་སྟོན་གྱི་བཀོད་པ་དང་འགྲེམས་རྫས་སོགས་ཀྱི་གནས་ཚུལ་ལའང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། རིག་གནས་ནི་འཕེལ་རྒྱས་མཚོན་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ན་གཞོན་ཚོགས་སྤྱིར་ཕྱོགས་ཏེ་ཁྲོམ་རའི་དགོས་མཁོ་དང་དམངས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་གཞིར་བཟུང་གསར་གཏོད་ཞིབ་སྤེལ་དང་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། རིག་གནས་ཀྱི་དོན་སྙིང་དང་། སྒྱུ་རྩལ་གྱི་ནང་དོན་ལྡན་པ་དང་། འཚོ་བའི་ཁྲོད་དེ་བས་སྤྱོད་སྒོ་ཆེ་བའི་རིག་གནས་བསམ་བཀོད་ཐོན་རྫས་འདོན་དགོས་པ་དང་། འགྲེམས་ཞུགས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་དང་། སྤུས་རྟགས་གཏོད་པ། ལས་རྣམ་གསར་གཏོད་སོགས་ཐད་ཀྱི་ས་གནས་གཞན་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། རང་ལྗོངས་ཀྱི་ཐོན་རྫས་སྤུས་ལེགས་ས་མཐོ་ནས་ཕྱིར་ཚོང་དང་ཁྲོམ་ར་རྒྱ་སྐྱེད་ཐུབ་པར་སྐུལ་འདེད་གཏོང་དགོས། རིག་གནས་ཀྱི་ནང་དོན་མངོན་གསལ་དོད་པོ་ཡོང་བ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་བཅས་བྱས་ཏེ། རིག་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་རམ་འདེགས་བྱེད་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རིག་གནས་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་གི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཁྱད་ལྡན་བྱེད་ནུས་ལྡན་པའི་ཁུལ་ཆེན་ལྔ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་ཀྱི་གཙོ་གནད་རིག་གནས་ཁེ་ལས་ཁག་46གཅིག་སྡུད་ཐོག་སྒྲིག་འཛུགས་ཀྱིས་ཐོན་རྫས་འགྲེམས་སྟོན་དང་གྲངས་འཛིན་མཉམ་འགུལ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད། རང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།