“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75ཡི་རིང་གི་འཕེལ་རྒྱས་གྲུབ་འབྲས་དང་བློ་སྐྱེད”ཅེས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།
ཟླ་5ཚེས་23ཉིན། བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75ཡི་རིང་གི་འཕེལ་རྒྱས་གྲུབ་འབྲས་དང་བློ་སྐྱེད”ཅེས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་ཚོགས་འདུར་ཕེབས་ནས་ཤིས་ཚིག་བསྒྲོན་པ་རེད།
སུན་ཤན་ཀྲུང་གིས་ཤིས་ཚིག་སྒྲོན་སྐབས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75ཡི་རིང་གི་འཕོ་འགྱུར་ཆེན་པོར་ཕྱིར་དྲན་བྱས་ཤིང་། ཁོང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། གངས་ལྗོངས་ས་མཐོར་མི་ཡུལ་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས། རིག་གནས་དར་འཕེལ། སྤྱི་ཚོགས་ཞི་མཐུན། སྐྱེ་ཁམས་བཟང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་མངོན་ཡོད། བོད་ཀྱི“211འདུ་འགོད”དང“རྩེ་གྲ་གཉིས”འཛུགས་སྐྱོང་གི་མཐོ་སློབ་འབའ་ཞིག་ཡིན་པའི་བོད་ལྗོངས་སློབ་ཆེན་གྱིས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་ཕན་ཚུན་དཔྱད་གཞིར་འཛིན་པའི་རིག་གཞུང་ལས་སྟེགས་བཏོད་དེ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་ཆེད་བློ་གྲོས་སྐྱེས་སུ་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།