དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་བྱས་འབྲས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-25

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱས་འབྲས་ཀྱི་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་ལོ་འཁོར་གྱི་ཚོང་གཉེར་ཁོར་ཡུག་གི་ཕྱོགས་གསུམ་པའི་གདེང་འཇོག་སྙན་ཞུ》ལས་མངོན་པར། 2025ལོའི་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱས་པའི་ཕྱོགས་བསྡུས་སྐར་གྲངས་ཐོབ་ཚད་2024ལོ་ལས་11.79%ཡིས་མཐོ་བ་ཡོད་པ་དེ་2023ལོ་ལས་རིམ་རྩིས་བརྒྱབ་ན་62.01%འཕར་བ་དང་ལོ་གསུམ་རིང་སྐས་རིམ་རྣམ་པའི་མཆོང་སྐྱོད་བྱུང་ཡོད་པ་རེད། ཚོང་གཉེར་བྱེད་པོ་བློ་ཡིད་ཚིམ་ཚད་ལ་བརྟག་དཔྱད་བྱས་པའི་ཕྱོགས་བསྡུས་སྐར་གྲངས་ཐོབ་ཚད་ལོ་གོང་མ་ལས་1.88%མཐོ་རུ་ཕྱིན་ཡོད་པ་དང་། ཚོང་གཉེར་བྱེད་པོའི་ཐོབ་སྣང་རྒྱུན་མཐུད་ཆེ་རུ་སོང་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་2025ལོའི་དམངས་གཉེར་ཁེ་ལས་ཁྲི་ཡི་ཚོང་གཉེར་ཁོར་ཡུག་གི་བརྟག་དཔྱད་བྱས་འབྲས་ལས་མངོན་དོན། བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་དང་། ཁྲོམ་རའི་ཁོར་ཡུག སྲིད་དོན་ཁོར་ཡུག གསར་གཏོད་ཁོར་ཡུག་བཅས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་བང་རིམ་སྤྱིར་ན་2023ལོ་ནས་ཅུང་མཐོ་རུ་ཕྱིན་ཡོད་པ་རེད།

    གྲངས་འཛིན་གྱིས་མཐུན་རྐྱེན་སྦྱར་བས་འཕེལ་རིམ་མགྱོགས་སུ་ཕྱིན་ཏེ་སྲིད་དོན་ཞབས་ཞུར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། སྲིད་དོན་ཞབས་ཞུའི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི་པུའུ་ཨུད་25དང་ཐད་གཏོགས་མ་ལག་60ཡི་སྲིད་དོན་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་གྱིས་རིམ་ལྔའི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཕྱོགས་ཡོངས་ནས་བསྐྲུན་པས་སྲིད་དོན་ཞབས་ཞུ“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་ཡོད། རང་སྐྱོང་ལྗོངས་རིམ་པ་འདི་གའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་གནད་ཁུ་འདུས་ཀྱི་བསྡུར་གྲངས་50%ཟིན་པ་དང་། མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆར་ཞིབ་མཆན་འགོད་པ་སོགས་ཀྱི་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ། ཞིབ་མཆན་འགོད་པའི་དུས་ཚོད་མངོན་གསལ་དོད་པོས་ཐུང་དུ་བཏང་ཡོད། ལྗོངས་ཡོངས་ཀྱི་གཞི་རིམ་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། “ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”གཙོ་གནད་ཀྱི་དོན་གནད་ལ་ཆ་སྙོམས་འགྲོ་རྒྱུག་བྱེད་ཐེངས་དང་། སྒྲུབ་གཉེར་དུས་ཚོད། དཔྱད་གཞི་སྐྱེལ་སྤྲོད་བཅས་86.96%དང་། 57.71% 57.24%བཅས་སོ་སོར་ཉུང་དུ་ཕྱིན་ཏེ། ཁེ་ལས་དང་ཞིང་འབྲོག་ཁུལ་གྱི་མང་ཚོགས་དོན་དག་སྒྲུབ་རིང་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།