བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།
ཚེས་23ཉིན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཚན་ཞིབ་སློབ་ཁྲིད་ཚན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་90ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
བགྲོ་གླེང་ཚོགས་འདུའི་ཐོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱས་བཤད་གཏིང་ཟབ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
དུས་རབས་གསར་པར་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་པ་བཅས་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
བཞེད་དོན་གཙོ་བོའི་གླེང་སྟེགས་ཐོག རིགས་གཅིག་མཁས་ཅན་དང་མཁས་དབང་7གྱིས་འབྲེལ་ཡོད་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད་སྤེལ་བ་དང་ཟུར་ཚད་མང་པོའི་ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་བོད་ཀྱི་བྱ་གཞག་ཁག་བརྟན་པོའི་ངང་མདུན་དུ་སྐྱོད་པར་སྣེ་ཁྲིད་བྱས་པའི་ལག་ལེན་གྱི་གྲུབ་འབྲས་རྒྱས་བཤད་བྱས་པ་རེད། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་ཧྥང་ཞའོ་ལིང་གིས། ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་ཀྱི་ཞིང་འབྲོག་ལས་ཐོན་ལས་ཀྱི་མ་ལག་ཆགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གཅིག་གྱུར་དམ་ཟབ། ཞིང་འབྲོག་ཁུལ་གྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་སོགས་ཐད་ཀྱི་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་དང་། བོད་ཀྱི་ཞིང་འབྲོག་ཁུལ་འཛུགས་སྐྲུན་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བགྲོ་གླེང་ཚོགས་འདུའི་ཐོག་ད་དུང“ཀྲུང་གོ་གུང་ཁྲན་ཏང་གིས་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ”དང“བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ”“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པའི་རིགས་པའི་གཞུང་ལུགས་དང་ལག་ལེན”སོགས་ཀྱི་གྲོས་གཞིར་དམིགས་ནས་ཡན་ལག་གླེང་སྟེགས་འཚོགས་པ་རེད།
འབྲེལ་ཡོད་གསར་འགྱུར།